འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་ཡར་སྐུལ་ཨུ་ལྷན་གྱི་ཁེ་ལས་མཁས་ཅན་གྱི“དཔྱིད་གསར་མཚོ་སྐྱོད་ཚོགས་པ་དང་པོ
”ཧ་སག་སི་ཐན་དུ་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དངུལ་རྩ་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད། རིག་ནུས་སྒྲིག་ཆས་སོགས་ཁྱབ་ཁོངས་ནས་ཡོང་བའི་ཀྲུང་གོའི་ཁེ་ལས་ཀྱི་འཐུས་མི་30ལྷག་ཙམ་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་ཡར་སྐུལ་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་ཁེ་ལས་མཁས་ཅན་གྱི“དཔྱིད་གསར་མཚོ་སྐྱོད་ཚོགས་པ་དང་པོ”ཧ་སག་སི་ཐན་དུ་བསྐྱོད་དེ། དུས་ཡུན་ཉིན་4ཡི་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོར་ཞུགས་ནས་དངོས་སྒྲུབ་མཉམ་ལས་ཡིག་ཆར་མིང་རྟགས་འགོད་རྒྱུ་དང་གཉིས་ཁེ་གཉིས་ཕན་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཐུས་མི་ཚོགས་པ་དེ་ཀྲུང་ཤིན་ཚོགས་པ་དང་། ཀྲུང་གོ་རྡོ་སྣུམ། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སོགས་ཁེ་ལས་ལས་གྲུབ་ཡོད། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་ཡར་སྐུལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་སྣེ་ཁྲིད་དེ་ཧ་སག་སི་ཐན་གྱི་སྲིད་གཞུང་དང་ཚོང་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་རྒྱ་ཁྱབ་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་གོ་དང་ཧ་སག་སི་ཐན་ཁེ་ལས་ཀྱི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཁེ་ལས་མཁས་ཅན་ཨུ་ལྷན་གྱི་ལས་དོན་ཚོགས་འདུ་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུ། སྣུམ་རླངས་ཚོང་དོན་དང་། ནུས་རྒྱུ་གཙང་མ། དྲ་ཐོག་ཚོང་དོན་སོགས་ཕྱོགས་གཉིས་པོའི་གཙོ་གནད་མཉམ་ལས་ཁྱབ་ཁོངས་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱ་རྒྱུ་རེད། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་ཡར་སྐུལ་ཨུ་ལྷན་གྱིས་ད་དུང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པ་འོས་སྦྱོར་བྱས་ནས་ཕྱོགས་གཉིས་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།