འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་གིས་དྲོ་སོབ་སོབ་ངང་དགུན་ཁ་བསྐྱལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར། ཞུས་ཡུས་ཡའོ།

    ས་མཐོར་གྲང་རླུང་འུར་འུར་དུ་ལྡང་བ་དང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ལ་ཁ་བ་ལྷབ་ལྷུབ་ཏུ་འབབ། ཆ་སྙོམས་ས་བབ་སྨི་5373ཟིན་པའི་ཕུ་མ་བྱང་ཐང་ཤང་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད།

     ས་མཚམས་གྲོང་ཚོའི་གྲོང་མི་བཀྲ་ཤིས་སྒྲོལ་མའི་ཁྱིམ་ལ་འཛུལ་སྐབས། ཕྱི་རོལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ནས་སྐད་ཅིག་ཉིད་དུ་དྲོ་སོབ་སོབ་ཏུ་གྱུར། གསོ་རླུང་བཟོ་ཆས་ནས“ཚེར”སྒྲ་ཕྲ་མོ་གྲགས་པ་དང་། བཀྲ་ཤིས་སྒྲོལ་མས་སྦ་ལན་སྲབ་མོ་ཞིག་གྱོན་ནས་པང་ཁའི་ནང་གི་ཕྲུ་གུ་དམར་འབྱར་ལ་ལག་པས་རྡེབ་ཙམ་རྡེབ་ཙམ་བྱས་ནས་གཉིད་ཁུག་ཐབས་བྱས། ཁོང་གི་དམར་མདངས་རྒྱས་ཤིང་སྣུམ་ཞག་དོད་པའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ“ད་ཆ་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཆོག”ཅེས་བཤད།

     དེ་ནས་བར་ཐག་གོམ་པ་འགའ་ལས་མེད་པའི་དོན་གྲུབ་ཚེ་དབང་གི་ཁྱིམ་སྟེ“འབྱོར་འབྲིང་ཁང་པའི”ནང་ཧ་ཅང་འཁྲུག་ཆ་དོད། ཚོམས་ཆེན་གྱི་སྒྲོག་ཙེའི་ཐོག་ཏུ་ཤིང་ཏོག་དང་། ཕྱུར་བ། བཞེས་གྲོ་སོགས་མང་པོ་བླུགས་པའི་སྡེར་མ་བཤམས་ཤིང་། ཁྱིམ་མཚེས་གཉིས་པོ་གླུ་ལེན་གར་འཁྲབ་ལ་རོལ། “དཔྱིད་གསར་དུས་ཆེན་ཚར་མ་ཐག་བོད་ཀྱི་ལོ་གསར་སླེབས་ལ་ཉེ་བས། ལོ་གསར་གྱི་མཁོ་ཆས་འགའ་ཉོ་དགོས་ཀྱི་འདུག”

     “ན་ནིང་ལོ་མཇུག་ཏུ། ང་ཚོས་མང་ཚོགས་ལ་མཁོ་ངེས་ཀྱི་ལོ་གསར་ལག་རྟགས་སྤྲད་པ་ཡིན། ད་ལོའི་དགུན་ཁ་ནི་དུད་ཚང་253གྱི་གྲོང་མི་1080སྔོན་ཆད་གསོ་རླུང་དཀོན་ཞིང་གྲང་ངར་ཆེ་བའི་འཚོ་བའི་ཁོར་ཡུག་ལས་ཁ་བྲལ་ཐེངས་དང་པོ་ཡིན་ལ་ཤང་ཡོངས་ཀྱི་ཡུལ་མི་ཡོངས་ལ་དྲོད་མཁོ་འདོན་དང་གསོ་རླུང་མཁོ་འདོན་ཐུབ་ཡོད”ཅེས་ཕུ་མ་བྱང་ཐང་ཤང་གི་ཤང་ཀྲང་གཞོན་པ་ཀྲང་ཀྲེང་ཆིའུ་ཡིས་ངོ་སྤྲོད་བྱས།

     “ང་ཕུ་མ་བྱང་ཐང་ཤང་དུ་ཐོག་མར་འབྱོར་སྐབས་ལ་དུག་ཚབས་ཆེན་ཕོག་བྱུང་། ང་དང་བོད་སྐྱོར་ལས་བྱེད་པ་གཞན་དག་ཚང་མས་གསོ་རླུང་མི་འདང་བ་དང་གྲང་ངར་ཆེ་བའི་གནམ་གཤིས་ལས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་པར་ངོས་འཛིན་བྱེད་ཀྱི་ཡོད”ཅེས་ཨན་ཧུའེ་ཡི་བོད་སྐྱོར་ལས་བྱེད་པ་དང་སྣ་དཀར་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་ཕིང་ཡུན་ཞང་གིས་བཤད། བོད་སྐྱོར་རུ་ཁག་གི་རུ་མིས་ཁག་སོ་སོར་བྱས་ནས་ཁྱིམ་ཚང་མི་རེ་ངོ་རེར་བསྐྱོད་དེ་གསོ་རླུང་མཁོ་འདོན་དང་དྲོད་མཁོ་འདོན་ཐད་མང་ཚོགས་ཀྱི་དགོས་མཁོ་བརྟག་དཔྱད་ཞིབ་ཕྲ་ཞིབ་བྱས་ནས་སྒྲིག་ཆས་ཐོན་སྐྱེད་ཁེ་ལས་དང་འབྲེལ་གཏུག་བྱས་མཐར་ཁོ་ཚོས་བོད་སྐྱོར་འཆར་གཞི་ཕུད་པའི་མ་དངུལ་སྒོར་ཁྲི་500སྤྱི་འདོམས་བཀོད་སྒྲིག་བྱས་ནས་མང་ཚོགས་ལ་གསོ་རླུང་བཟོ་ཆས་སྒྲིག་སྦྱོར་བྱས། རྣམ་གྲངས་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་དང་དེ་བཞིན་གཅེས་སེམས་ཁེ་ལས་ཀྱིས་མཉམ་དུ་རོགས་སྐྲུན་བྱས་པ་ཞིག་རེད།

    ཕིང་ཡུན་ཞང་གིས“སྔ་ཙམ་འཆར་འགོད་དང་། སྔ་ཙམ་ལས་འགོ་ཚུགས་པ། སྔ་ཙམ་བེད་སྤྱོད་ཅས་བྱས་ནས་མང་ཚོགས་ཀྱིས་དུས་ཡུན་ཐུང་ཤོས་ནང་སྒྲིག་ཆས་དེ་དག་སྤྱོད་ཐུབ་པ་བྱ་རྒྱུ་ནི་ས་མཐོའི་འཕེལ་རྒྱས་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་རམ་འདེགས་བྱེད་པའི་དམངས་སེམས་ཀྱི་འདུ་འགོད་ཅིག་རེད”ཅེས་བཤད།

    ས་རུབ་པ་དང་གྲོང་ཚོའི་ནང་གི་གློག་སྒྲོན་རིམ་བཞིན་སྤར། བཀྲ་ཤིས་སྒྲོལ་མས་ཕྲུ་གུ་པང་དུ་ཉར་ནས་གཉིད་འགུག་གླུ་དབྱངས་ལེན་པ་དང་དོན་གྲུབ་ཚེ་དབང་ཁྱིམ་ནས་གྲགས་པའི་དགའ་སྤྲོའི་གླུ་དབྱངས་ཀྱིས་ཕུ་མ་བྱང་ཐང་ཤང་གི་དགུན་ཁ་དྲོ་སོབ་སོབ་ཏུ་གྱུར།