གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་12ཉིན། 15:28】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་11ཉིན་གསར་འགོད་པར་ཀོང་ཞི་པའེ་སེ་གྲོང་ཁྱེར་མཉམ་འབྲེལ་ལས་དོན་ཚོ་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དྲ་གྲོགས་ཀྱིས་པའེ་སེ་ཆི་ཧྥུ་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཐང་ཆེ་གེ་མོའི་འབྲེལ་ཡོད་གནད་དོན་ཐེར་འདོན་བྱས་པར་དམིགས་ནས། པའེ་སེ་གྲོང་ཁྱེར་གྱིས་སློབ་གསོ་དང་། སྤྱི་བདེ། སྒྲིག་བཤེར་ལྟ་ཞིབ་སོགས་སྡེ་ཚན་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོ་ཆུང་བཙུགས་ནས་མགྱོགས་མྱུར་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་དང་ཞིབ་དཔྱད་བྱས་པ་བརྒྱུད། ཐང་ཆེ་གེ་མོས་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་དང་རྒྱབ་འགལ་ཚབས་ཆེན་བྱས་པར། པའེ་སེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐང་ཆེ་གེ་མོར་ཏང་ཁོངས་ནས་ཕྱིར་འབུད་དང་གཞུང་ལས་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་མྱུལ་ཞིབ་བྱས་པ་བརྒྱུད། ད་ཆ་ཐང་ཆེ་གེ་མོར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་གྱོད་གཞི་སྔར་ལས་མྱུལ་ཞིབ་བྱེད་བཞིན་ཡོད།