གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་12ཉིན། 15:25】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཡེ་མེན་ཧུའུ་སའེ་དྲག་དཔུང་གི་འགོ་ཁྲིད་པ་ཨ་པུའུ་ཏུའུ་ལེ་·མ་ལི་ཁེ་·ཧུའུ་སའེ་ཡིས་བརྙན་འཕྲིན་ཐོག་གཏམ་བཤད་སྤེལ་ནས། དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལས་འགལ་ཚེ། ཧུའུ་སའེ་དྲག་དཔུང་གིས་དབྱི་སི་རལ་ལ་དམག་དོན་བྱ་སྤྱོད་སླར་གསོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
དེ་དང་ཆབས་ཅིག ཁོང་གིས་ཨ་རབ་རྒྱལ་ཁབ་ཀྱིས་ཨ་རི་ཕྱོགས་ཀྱི་“ཀཱ་ཟ་ས་ཁུལ་རྩིས་ལེན་བདག་སྤྲོད་བྱེད་པའི་”གྲོས་འགོར་ཐུན་མོང་ཐོག་ངོ་རྒོལ་བྱེད་དགོས་པ་མ་ཟད། ཕ་ལེ་སི་ཐན་བ་མཐར་སྐྲོད་གཏོང་བའི་འཆར་གཞི་གང་རུང་ལ་རྒོལ་གཏམ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།