འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།ཨ་རིའི་དམག་གྲུ་ཐའེ་ཝན་མཚོ་འགག་བརྒལ་བའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་12ཉིན། 15:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཚོ་དམག་ཏཱ་ཞའོ་ལི་ཞི་ཡིས་བཤད་དོན། ཟླ་2ཚེས་10ཉིན་ནས་ཚེས་12ཉིན་བར། ཨ་རིའི་“ཡོ་ཧན་ཞུན་”རྟགས་ཅན་གྱི་མཐར་སྐྲོད་དམག་གྲུ་དང་། “པའོ་ཏི་ཆི་”རྟགས་ཅན་གྱི་རྒྱ་མཚོའི་ཚད་འཇལ་གྲུ་ཐའེ་ཝན་མཚོ་འགག་བརྒྱུད་ཡོད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་དམག་ཁུལ་གྱིས་མཚོ་ཐོག་དང་མཁའ་ཐོག་དམག་ཤུགས་སྒྲིག་འཛུགས་བྱས་ནས། ཨ་རིའི་དམག་གྲུ་བརྒལ་བའི་བྱ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས་ནས་ཁ་གཏད་དང་ཐག་གཅོད་ནུས་ལྡན་བྱས་པ་རེད། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་ཀྱིས་ནོར་འཁྲུལ་གྱི་བརྡ་རྟགས་བསྟན་ནས་བདེ་འཇགས་ཐད་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དམག་ཁུལ་དཔུང་སྡེ་ཡིས་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་ཉེན་ཟོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།