འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་12ཉིན།

༄༅།།ཁྲིམས་འཛིན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཟུར་པ་ལིའུ་ཀྲི་ཆང་ཞུ་གཏུག་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་12ཉིན། 15:19】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འཛིན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཟུར་པ་ལིའུ་ཀྲི་ཆང་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་དོན་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་ནས་མཇུག་བསྒྲིལ་བ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པ་བརྒྱུད། ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད། ཉེ་ཆར་ཝུའུ་ཧུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཝུའུ་ཧུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས།

    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཞུ་གཏུག་བྱེད་རིམ་དུ་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་ལིའུ་ཀྲི་ཆང་ལ་གཏུག་བཤེར་བྱེད་དབང་ཡོད་པ་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བ་ལིའུ་ཀྲི་ཆང་ལ་འདྲི་རྩད་བྱས་པ་དང་དག་འབུད་པའི་བསམ་འཆར་ཉན་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བྱས་པ་ལྟར་ན། ཞུ་སྦྱོར་ཕྱི་མ་བ་ལིའུ་ཀྲི་ཆང་གིས་སྤྱི་བདེ་པུའུ་རྒྱལ་སྤྱིའི་མཉམ་ལས་ཅུས་ཀྱི་ཅུས་ཀྲང་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་། ཁྲིམས་འཛིན་པུའུ་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་ལས་གནས་ཀྱི་སྟབས་བདེ་དང་འགན་དབང་དང་གོ་གནས་ལས་ཆགས་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་གཞན་ལ་ཁེ་ཕན་དོན་གཉེར་བྱེད་རོགས་བྱས་ནས་ཁྲིམས་དང་འགལ་ཏེ་གཞན་གྱི་རྒྱུ་ནོར་བླངས་པ་དང་། གྲངས་འབོར་ཧ་ཅང་ཆེ་བས། ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱས་པ་རེད།