གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་12ཉིན། 15:18】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཅང་སུའུ་ཐའེ་ཞིན་ཉེན་རྟོག་ཕྱོགས་ལ་དངུལ་ཁང་གི་ལས་དོན་མི་སྣ་ཞིག་གི་ཉེན་བརྡ་འབྱོར་དོན། བུད་མེད་ཞིག་གིས་དངུལ་སྨར་སྒོར་ཁྲི་15ལེན་འདོད་ཡོད་རེ་ཞུས་ཀྱང་། དངུལ་གྱི་སྤྱོད་སྒོ་འདྲི་སྐབས་བུད་མེད་དེའི་རྣམ་འགྱུར་རྒྱུན་ལྡན་མིན་པས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་འབྲེལ་དོགས་བཤད། ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་མགྱོགས་པོར་དངུལ་བྱང་ནང་གི་སྒོར་ཁྲི་15སྤྲོད་མཚམས་བཞག་ནས་བསྡམས་བཅད་བྱས་པ་རེད།
མ་གཞི་བུད་མེད་ཀྲའོ་ཆེ་གེ་མོ་ཡིས་དྲ་ཐོག་ནས་དབུལ་སྐྱོར་རྣམ་གྲངས་ཀྱི་བརྡ་ཁྱབ་ཅིག་མཐོང་བ་དང་། བརྡ་ཁྱབ་ཀྱི་ནང་དོན་ལྟར་འབྲེལ་ཡོད་Appཕབ་ལེན་བྱས་པ་རེད།
Appནང་ཕ་རོལ་གྱི་མགྲོན་ཞབས་པས་ཀྲའོ་ཆེ་གེ་མོ་ལ་ཁོང་ཚོར་གཞོགས་འདེགས་བྱས་ནས་“འཁོར་རྒྱུག་”གི་ལས་འགན་ཏེ་དངུལ་བསྡུ་ལེན་དང་། དངུལ་སྨར་ལེན་པ། དངུལ་བསྒྱུར་བཅས་སྟབས་བདེའི་སྒོ་ནས་བྱས་ན་“རྒྱལ་ཁབ་ཀྱི་དབུལ་སྐྱོར་དངུལ་གྱི་ཁ་གསབ་རོགས་དངུལ་”ལེན་ཐུབ་པ་ངོ་སྤྲོད་བྱས་པ་རེད།
དེ་ལ་ཡིད་ཆེས་བརྟན་པོ་བྱས་པའི་ཀྲའོ་ཆེ་གེ་མོ་ཡིས་ཕ་རོལ་པོར་དངུལ་བྱང་ཨང་གྲངས་དང་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་མཁོ་འདོན་བྱས་ཏེ། ཉིན་དེའི་སྔ་དྲོའི་ཆུ་ཚོད་8ཐོག་དངུལ་བྱང་སྒོར་ཁྲི་15དངུལ་བསྒྱུར་བྱས་པ་འབྱོར་རྗེས། ཀྲའོ་ཆེ་གེ་མོ་ཡིས་ཕ་རོལ་པོའི་རེ་བ་ལྟར་དངུལ་ཁང་དུ་སོང་ནས་དངུལ་སྨར་བླངས་ནས་དངུལ་བསྒྱུར་བར། དངུལ་ཁང་གི་ལས་དོན་མི་སྣས་གནས་ཚུལ་ཤེས་རྟོགས་བྱུང་ནས་དུས་ཐོག་ཏུ་ཉེན་རྟོག་པར་ཉེན་བརྡ་ཞུས་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། སྒོར་ཁྲི་15ཡི་དངུལ་དེ་ནི་ཁ་བསླུས་དང་འབྲེལ་བ་ཡོད་པས་མིག་སྔར་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།
“དབུལ་སྐྱོར་དངུལ་”ཞེས་པར་ཁ་གཡོར་བ་དང་“འཁོར་རྒྱུག”རྒྱུ་མཚན་དུ་བྱས་ནས། དོ་བདག་ལ་“དངུལ་ནག་དཀར་སྒྱུར་”བྱེད་པའི་གཡོ་ཇུས་གསར་པ་དེ་རིགས་ཀྱི་ཐབས་ལམ་འདི་འདྲ་ཞིག་ཡིན་པ་སྟེ།
1.མང་དུ་ཁྱབ་གདལ་གཏོང་བ།
ཁ་བསླུས་རྒྱག་མཁན་གྱིས་“དབུལ་སྐྱོར་དངུལ་སྤྲོད་རྒྱུ་”དང་“དགེ་སྒྲུབ་དངུལ་སྤྲོད་རྒྱུ་”སོགས་ལ་ཁ་གཡར་ཏེ། ཁ་པར་དང་། འཕྲིན་ཐུང་། སྤྱི་ཚོགས་འབྲེལ་བའི་མཉེན་ཆས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ“དབུལ་སྐྱོར་དངུལ་དང་དགེ་སྒྲུབ་དངུལ་རིན་མི་དགོས་པར་ཐོབ་ཐུབ”ཞེས་པའི་བརྡ་ཁྱབ་རྫུན་མ་ཁྱབ་བསྒྲགས་བྱས་ཏེ། དོ་བདག་གིས་ཐེབས་རྩ་ཚོགས་པ་རྫུན་མའི་Appཕབ་ལེན་བྱེད་པའམ་ཡང་ན་དྲ་ཚིགས་རྫུན་མ་རུ་ཐོ་འགོད་བྱེད་པར་ཁྲིད་སྟོན་བྱས་པ་རེད།
2.བསླུ་བྲིད་གཏོང་བ།
ཁ་བསླུས་རྒྱག་མཁན་གྱིས་“འཁོར་རྒྱུག་”རྒྱུ་མཚན་དུ་བྱས་ནས་དོ་བདག་ལ་དངུལ་ཁང་དང་ཐོབ་ཐང་ལག་ཁྱེར་འདོན་སྤྲོད་བྱེད་དགོས་པའི་རེ་བ་འདོན་པ།
3.ཉེས་གསོག་ལག་བསྟར་བྱེད་པ།
མགོ་སྐོར་གཏོང་མཁན་གྱིས་དོ་བདག་ལ་དངུལ་སྨར་བླངས་རྗེས་གཏན་འཁེལ་བྱས་པའི་དངུལ་ཁང་གི་རྩིས་ཐོའི་ཐོག་བསྒྱུར་ནས། བྱ་ཐབས་དེ་རིགས་ཀྱིས“དངུལ་ནག་དཀར་སྒྱུར་”བྱེད་པའི་རེ་བ་འདོན་པ་རེད།