འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“ཟིན་འགོད་པ་མེད་པའི་ཁྲིམས་རའི་འདྲི་ཞིབ”བྱེད་སྟངས་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་11ཉིན། 10:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མི་དམངས་ཁྲིམས་ཁང་དེའི་མྱུར་གཅོད་ཚོགས་ཆུང་གིས་ཁྲིམས་ར་འཚོཌ་ནས་དམངས་ཁྲོད་ཀྱི་བུན་གཡར་གྱོད་གཞི་ཞིག་ཞིབ་གཅོད་བྱས་ཤིང་། ཁྲིམས་རའི་འདྲི་ཞིབ་བྱེད་སྟངས་དེ་སྔོན་མ་དང་མི་འདྲ་བ་ཞིག་ནི་ད་ཐེངས་ཀྱི་ཁྲིམས་རའི་འདྲི་ཞིབ་ལ་འདྲི་གཅོད་པ་དང་གཏུག་བཤེར་དོ་བདག་ཁོ་ན་ལས། འདྲི་ཞིབ་གྲ་སྒྲིག་དང་ཁྲིམས་རའི་ཟིན་འགོད་པ་མེད་པ་རེད། གཏུག་བཤེར་དོ་བདག་གི་མོས་མཐུན་ཐོབ་རྗེས། ཁྲིམས་རའི་འདྲི་ཞིབ་ཀྱི་བརྒྱུད་རིམ་དང་ཟིན་བྲིས་ཚང་མ་ཁྲིམས་རའི་འདྲི་ཞིབ་ཀྱི་བརྙན་ཕབ་དང་སྒྲ་ཕབ་ཚད་གཞིར་བཟུང་ནས་ཡིག་ཐོག་གི་ཟིན་བྲིས་ལོགས་སུ་བཀོད་མེད།

    《མི་དམངས་ཁྲིམས་ཁང་གི་ཁྲིམས་རའི་འདྲི་ཞིབ་ཀྱི་སྒྲ་ཕབ་དང་བརྙན་ཕབ་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས་འགའ་ཞིག》གི་བླང་བྱ་ལྟར་ན། སྟབས་བདེའི་གོ་རིམ་སྤྱོད་རྒྱུར་འཚམས་པའི་དམངས་དོན་གྱོད་གཞི་ཞིབ་གཅོད་ཀྱི་ཁྲིམས་རའི་འདྲི་ཞིབ་ཀྱི་སྒྲ་ཕབ་དང་བརྙན་ཕབ་དག་དོ་བདག་གི་མོས་མཐུན་ཐོབ་རྗེས་ཁྲིམས་རའི་ཟིན་བྲིས་ཀྱི་ཚབ་བྱེད་ཆོག་གི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། “ཟིན་འགོད་པ་མེད་པའི་ཁྲིམས་རའི་འདྲི་ཞིབ”བྱེད་སྟངས་ཀྱིས་ཁྲིམས་རའི་ཟིན་འགོད་པ་རྣམས་ཁྲིམས་ར་འདྲི་ཞིབ་སྐབས་ཀྱི་ལས་འབོར་ཆེ་བའི་ཟིན་བྲིས་ལས་ཀ་ནས་བཅིངས་འགྲོལ་བཏང་སྟེ། ཁྲིམས་དཔོན་ལ་གཞོགས་འདེགས་ཀྱིས་དུས་ཚོད་བཀོད་སྒྲིག་དང་སྐྱེལ་སྤྲོད་སོགས་གཞོགས་འདེགས་རང་བཞིན་གྱི་ལས་དོན་གཞན་དག་ལ་སྒྲུབ་ཏུ་བཅུག་པ་དེ་ཐོག་ནས། ཆ་འཕྲིན་ཅན་གྱི་ཁྲིམས་ཁང་འཛུགས་སྐྱོང་གི་ཕན་འབྲས་མངོན་ཡོད་པ་རེད།