འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་27ཉིན།

༄༅།།སྲོལ་རྒྱུན་གྱི་ལག་ཤེས་ལ་གསོན་ཤུགས་གསར་པ་རྒྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་27ཉིན། 10:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

རྣམ་གླིང་རྫོང་རྩེ་གདོང་ཟངས་ཆས་ཀྱི་ལག་ཤེས་བཟོ་རྩལ་པས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པ།

རྣམ་གླིང་རྫོང་རྩེ་གདོང་ཟངས་ཆས་ཀྱི་ལག་ཤེས་བཟོ་རྩལ་པས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པ།

    རྒྱུན་འཛིན་བྱེད་རིང་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་གཏོང་རིང་རྒྱུན་འཛིན་བྱེད་ཅིང་། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་ས་ཁོངས་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ“སྲུང་སྐྱོང་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། རྒྱུན་འཛིན་འཕེལ་རྒྱས་གཏོང་བ”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རྫོང་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། དོ་དམ། ལུགས་མཐུན་བེད་སྤྱོད་བཅས་ཀྱི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་པ། མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་རིམ་ལྡན་པའི་སྲུང་སྐྱོབ་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡངས་སུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པར་མེས་པོའི་ལག་ཤེས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད།

རྣམ་གླིང་རྫོང་རྩེ་གདོང་ཟངས་ཆས་ཀྱི་ལག་ཤེས་བཟོ་རྩལ་པས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པ།

རྣམ་གླིང་རྫོང་རྩེ་གདོང་ཟངས་ཆས་ཀྱི་ལག་ཤེས་བཟོ་རྩལ་པས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པ།