འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་27ཉིན།

ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་དཔུང་སྡེར་གཟིགས་པ་དང་འཚམས་འདྲི་གནང་བ།

༄༅།།མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག
དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ་དང་ཡུལ་དམག་
བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་27ཉིན། 10:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་1ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་ལས་ཁུངས་སུ་གཟིགས་ཞིབ་དང་འཚམས་འདྲི་གནང་སྟེ། བརྙན་ལམ་བརྒྱུད་གཞི་རིམ་གྱི་དཔོན་དམག་ལ་གཟིགས་པ་དང་དཔུང་སྡེའི་དམག་གྲབས་ལས་རེས་དང་ལས་འགན་སྒྲུབ་ཚུལ་ལ་ཞིབ་བཤེར་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ་དང་ཡུལ་དམག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ལུའེ་ཤོག་ཅིག་གི་ལས་སྒྲུབ་ཡན་ལག་རུ་ཁག་དང་། ཤར་རྒྱུད་འཐབ་ཁུལ་མཚོ་དམག་གི་མཚོ་ངོགས་འཕུར་མདེལ་ཐོན་ཤོག་ཅིག་གི་ལས་རེས་ཡན་ལག་རུ་ཁག དབུས་རྒྱུད་འཐབ་ཁུལ་མཁའ་དམག་གི་མཁའ་ཟོན་འཕུར་མདེལ་ཡིང་ཤོག་ཅིག དམག་དོན་མཁའ་སྐྱོད་དཔུང་སྡེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ས་ཚིགས་ཤིག ཀྲེང་ཀྲོའུ་མཉམ་འབྲེལ་ལས་སྒྲུབ་ཞབས་ཞུ་འགན་སྲུང་ལྟེ་གནས་ཀྱི་རླངས་འཁོར་སྐྱེལ་འདྲེན་ཐོན་ཤོག་ཅིག་གི་ཡིང་ཤོག་2པ། དྲག་ཆས་ཉེན་རྟོག་དཔུང་སྡེ་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་ལས་སྒྲུབ་རུ་ཆེན་3པ་བཅས་ཀྱི་དཔོན་དམག་ལ་བརྙན་ལམ་ནས་བཀའ་མོལ་གནང་བཞིན་པ།

ཟླ་1ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་ལས་ཁུངས་སུ་གཟིགས་ཞིབ་དང་འཚམས་འདྲི་གནང་སྟེ། བརྙན་ལམ་བརྒྱུད་གཞི་རིམ་གྱི་དཔོན་དམག་ལ་གཟིགས་པ་དང་དཔུང་སྡེའི་དམག་གྲབས་ལས་རེས་དང་ལས་འགན་སྒྲུབ་ཚུལ་ལ་ཞིབ་བཤེར་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ་དང་ཡུལ་དམག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་གྱི་དཔོན་དམག་གི་འཐུས་མི་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་ཀྱི་ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་གྱི་ལས་ཁུངས་སུ་གཟིགས་ཞིབ་དང་འཚམས་འདྲི་གནང་སྟེ། བརྙན་ལམ་བརྒྱུད་གཞི་རིམ་གྱི་དཔོན་དམག་ལ་གཟིགས་པ་དང་དཔུང་སྡེའི་དམག་གྲབས་ལས་རེས་དང་ལས་འགན་སྒྲུབ་ཚུལ་ལ་ཞིབ་བཤེར་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ་དང་ཡུལ་དམག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

     ལུགས་རྙིང་ལོའི་ལོ་ཆུང་ལོ་གསར་བཏང་མ་ཐག་ཡིན་པས། ལེའོ་ཉིང་ས་གཞི་ཆེན་པོར་དགའ་སྟོན་གྱི་རྣམ་པ་ཟབ་ཅིང་། སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡོལ་ཙམ་ལ། ཞི་ཅིན་ཕིང་བྱང་རྒྱུད་འཐབ་ཁུལ་ལས་ཁུངས་སུ་ཕེབས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་བྱང་རྒྱུད་འཐབ་ཁུལ་གྱི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

    དེ་རྗེས་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་འབྲེལ་ཡོད་དཔུང་སྡེར་བརྙན་ལམ་བརྒྱུད་བཀའ་མོལ་གནང་ཞིང་། ལྷོ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ལུའེ་ཤོག་ཅིག་གི་ལས་སྒྲུབ་ཡན་ལག་རུ་ཁག་དང་། ཤར་རྒྱུད་འཐབ་ཁུལ་མཚོ་དམག་གི་མཚོ་ངོགས་འཕུར་མདེལ་ཐོན་ཤོག་ཅིག་གི་ལས་རེས་ཡན་ལག་རུ་ཁག དབུས་རྒྱུད་འཐབ་ཁུལ་མཁའ་དམག་གི་མཁའ་ཟོན་འཕུར་མདེལ་ཡིང་ཤོག་ཅིག དམག་དོན་མཁའ་སྐྱོད་དཔུང་སྡེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ས་ཚིགས་ཤིག ཀྲེང་ཀྲོའུ་མཉམ་འབྲེལ་ལས་སྒྲུབ་ཞབས་ཞུ་འགན་སྲུང་ལྟེ་གནས་ཀྱི་རླངས་འཁོར་སྐྱེལ་འདྲེན་ཐོན་ཤོག་ཅིག་གི་ཡིང་ཤོག་2པ། དྲག་ཆས་ཉེན་རྟོག་དཔུང་སྡེ་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་ལས་སྒྲུབ་རུ་ཆེན་3པ་བཅས་ཀྱི་དཔོན་དམག་ཚོས་གྲལ་བསྟར་འགྲིག་པོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དམག་གྲབས་ལས་རེས་དང་ལས་འགན་སྒྲུབ་ཚུལ་སྐོར་རིམ་པ་བཞིན་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ནན་ཏན་ངང་གསན་ནས། ཁོང་ཚོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད།

     ཞི་ཅིན་ཕིང་གིས། ཉིན་ཤས་སོང་བའི་རྗེས་སུ་དཔྱིད་གསར་དུས་ཆེན་ཡིན་པས། དམག་ཡོངས་ཀྱི་དཔུང་སྡེས་དམག་གྲབས་ལས་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཐོན་བཟོ་ཡོད་པའི་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱས་ནས། རྒྱལ་ཡོངས་མི་དམངས་རྣམས་དགའ་སྤྲོ་དང་། བདེ་འཇགས། ཞི་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ལས་དོན་ལ་སྤྱི་འདོམས་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ཏེ་དུས་ཆེན་རིང་དཔོན་དམག་གི་འཚོ་བའི་བཀོད་སྒྲིག་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།