འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་27ཉིན།

༄༅།།རང་རྒྱལ་གྱི་རླུང་གློག་དང་ཉི་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་14ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་27ཉིན། 10:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ན་ནིང་གི་ལོ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་33.5ཙམ་ཟིན་པ་དེ་དུས་མཚུངས་ལས་14.6%འཕར་བ་དང་། དེའི་ནང་ཉི་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་8.9ཙམ་ཟིན་པ་དེ་དུས་མཚུངས་ལས་45.2%འཕར་བ་དང་། རླུང་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་5.2ཙམ་ཟིན་པ་དེ་དུས་མཚུངས་ལས་18.0%འཕར་ཡོད་པ་རེད།

    རང་རྒྱལ་གྱི་རླུང་གློག་དང་ཉི་གློག་གཏོང་ཚད་ཐེངས་དང་པོར་ཆན་ཝ་དུང་ཕྱུར་14ལས་བརྒལ་བ་ནི་2021ལོ་དང་། 2022ལོ། 2023ལོ་བཅས་ཀྱི་རྗེས་སུ་ཆན་ཝ་དུང་ཕྱུར་6དང་། ཆན་ཝ་དུང་ཕྱུར་7 ཆན་ཝ་དུང་ཕྱུར་10བཅས་སོ་སོར་ཟིན་ནས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་རེད།

    2024ལོར། རྒྱལ་ཡོངས་ཀྱི་གསར་འཕར་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་4.3ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད།

    དེའི་ནང་རླུང་གློག་དང་ཉི་གློག་གཏོང་ཚད་ཁྱོན་ཆན་ཝ་དུང་ཕྱུར་3.6འཕར་བ་དེས་གསར་འཕར་གློག་གཏོང་ཚད་བསྡོམས་འབོར་གྱི་བཅུ་ཆ་བརྒྱད་ལྷག་བཟུང་ཡོད་པ་རེད།

    2025ལོར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་རླུང་གློག་འོད་ཤུགས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་བཅས་སུ་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་སྐྲུན་པའི་རྣམ་གྲངས་ཁག་གཉིས་པ་དང་གསུམ་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། མཚོ་ཐོག་རླུང་གློག་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ། གཅིག་སྡུད་རྣམ་པའི་འོད་ཤུགས་དང་ཁ་ཐོར་རྣམ་པའི་རླུང་གློག་འཕེལ་རྒྱས་ཧུར་ཐག་བཏང་ནས་འོད་དྲོད་གློག་གཏོང་གི་གཞི་ཁྱོན་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རླུང་གློག་དང་འོད་ཤུགས་གློག་གཏོང་གི་ཐོན་ཁུངས་ཡོངས་བཤེར་ཚོད་ལྟའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ནུས་རྒྱུ་གསར་པ་འཕེལ་རྒྱས་དང་། ལུགས་མཐུན་ངང་བེད་སྤྱོད་བྱེད་ཚད། བརྒྱུད་རིམ་ལྡན་པའི་ངང་སྙོམ་སྒྲིག་བྱེད་པའི་ནུས་པ་བཅས་སྤྱི་འདོམས་བྱས་ཏེ། ནུས་རྒྱུ་གསར་པའི་སྤུས་ཚད་མཐོ་བའི་འདྲེན་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་བཅས་རེད།