འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་27ཉིན།

༄༅།།2024ལོར་རྒྱལ་ཡོངས་སུ་འཛད་རྫས་སྣ་ཁ་ཁྲི་2163.9གསར་འཕར་བྱུང་བ།

སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ཐོན་རྫས་སྣ་ཁ་དུས་མཚུངས་ལས་25.3%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་27ཉིན། 10:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཁོངས་གཏོགས་ཀྲུང་གོ་དངོས་ཟོག་ཨང་སྒྲིག་ལྟེ་གནས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར། རྒྱལ་ཡོངས་སུ་འཛད་རྫས་སྣ་ཁ་ཁྲི་2163.9གསར་འཕར་བྱུང་བ་དེ་དུས་མཚུངས་ལས་14.1%འཕར་ཡོད་པ་རེད།

    2024ལོའི་ཟླ་12ཚེས་31ཉིན་བར། བཟའ་བཏུང་དང་། ཞྭ་ལྷམ་དང་གྱོན་ཆས། སྨན་བཅོས་འཕྲོད་བསྟེན། ཁྱིམ་སྤྱོད་གློག་ཆས། རིག་གནས་སློབ་གསོའི་མཁོ་ཆས། ཁྱིམ་ཆས་ཨར་སྐྲུན་རྒྱུ་ཆ་སོགས་ལས་རིགས་བརྒྱ་ཕྲག་ཁ་ཤས་ཀྱི་སྤྱི་ཚོགས་འཚོ་བའི་འཛད་རྫས་ཚུད་པའི་རྒྱལ་ཡོངས་ཀྱི་འཛད་རྫས་བསྡོམས་འབོར་གྱི་སྣ་ཁ་ཁྲི་21110.6ཟིན་པ་དེ་དག་ཁེ་ལས་ཁྲི་97.8དང་འབྲེལ་བ་ཡོད་པ་རེད།

    2024ལོར། འཛད་རྫས་ཁྲོད་ཀྱི་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ཐོན་རྫས་སྣ་ཁ་ཁྲི་38.5གསར་འཕར་བྱུང་ནས་དུས་མཚུངས་ལས་25.3%འཕར་བ་དང་འཕར་ཚད་འཛད་རྫས་ཀྱི་སྤྱིའི་ཆུ་ཚད་ལས་མགྱོགས་པ་ཡོད་པ་རེད། དུས་ཚིགས་དབྱེ་ནས་བལྟས་ན། དུས་ཚིགས་དང་པོ་ནས་བཞི་པའི་བར་སྣ་ཁ་ཁྲི་6.6དང་། ཁྲི་10.1 ཁྲི་11.7 ཁྲི་10.1བཅས་སོ་སོར་གསར་འཕར་བྱུང་ནས་དུས་མཚུངས་ལས་26.2%དང་། 22.2% 22.9% 30.9%བཅས་སོ་སོར་འཕར་ཡོད་པ་དང་། སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ཐོན་རྫས་དུས་ཚིགས་ཚང་མར་མངོན་གསལ་དོད་པོས་འཕར་བ་དང་དུས་ཚིགས་བཞི་པར་འཕར་ཚད་མངོན་གསལ་དོད་ཤོས་ཡིན་པ་རེད།