འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་26ཉིན།

༄༅།།ཀུའུ་ཐེ་ལི་སིས་ལོ་གསར་ལ་ཤིས་ཚིག་གནང་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་26ཉིན། 13:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལི་སིས་བརྙན་ལམ་བརྒྱུད། ལུགས་རྙིང་སྦྲུལ་ལོའི་ལོ་གསར་གྱི་ཤིས་ཚིག་གནང་ནས་གོ་ལ་ཧྲིལ་པོའི་ཀྲུང་གོ་བ་ཚོར་ལོ་གསར་ལ་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དང་ཀྲུང་གོའི་མི་དམངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བརྟན་པོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

བརྙན་ལམ་མགོ་རྩོམ་སྐབས། ཀུའུ་ཐེ་ལི་སིས་རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་གོ་ལ་ཧྲིལ་པོའི་ཀྲུང་གོ་བ་ཚོར་“དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་”ཀྱི་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་“སྦྲུལ་གྱིས་བློ་གྲོས་དང་། བརྟན་པོ། གསར་སྐྱེས་བཅས་མཚོན་གྱི་ཡོད། ད་ལྟ་གོ་ལ་ཧྲིལ་པོར་གནས་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར། ང་ཚོས་གཤིས་རྒྱུད་དེ་དག་གི་མཛུབ་ཁྲིད་འོག་ཞི་བདེ་དང་འདྲ་མཉམ། དྲང་བདེན་བཅས་ལ་འབད་བརྩོན་བྱེད་པའི་ཆོད་སེམས་སླར་གསོ་བྱེད་དུ་འཇུག་དགོས་”ཞེས་བཤད།

ཀུའུ་ཐེ་ལི་སི་ཡིས་ཤིས་ཚིག་གནང་སྐབས། ཀྲུང་གོ་དང་ཀྲུང་གོའི་མི་དམངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཕྱོགས་མང་རིང་ལུགས། གོ་ལ་ཧྲིལ་པོའི་མཉམ་ལས་བཅས་ལ་རྒྱབ་སྐྱོར་བརྟན་པོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་“ང་ཚོས་རེ་བ་དང་ཆོད་སེམས་ཆེན་པོར་བཅངས་ནས་ལོ་གསར་པར་དོན་གསར་བསུས་ནས། མི་ཚང་མར་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་དགོས་”ཞེས་གསུངས་པ་རེད།

ཀུའུ་ཐེ་ལི་སིས། “སྦྲུལ་ལོར་བདེ་ཐང་དང་། བདེ་སྐྱིད་ལྡན་པ། དར་རྒྱས་ཆེ་བ། རྣམ་པ་གསར་རྐྱང་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་”ཞེས་གསུངས།