གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་24ཉིན། 14:43】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཚེས་23ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཨ་རིའི་ཙུང་ཐུང་ཟུར་པ་ཇོང་·ཁེན་ཉི་ཏི་དང་གྲོས་མི་ཟུར་པ་ལུའོ་པོ་ཐེ·ཁེན་ཉི་ཏི་དང་། དེ་བཞིན་དམངས་དབང་གཙོ་འཛིན་མ་ཏིན·ལུའུ་ཏེ་ཅིན་ལྐོག་གསོད་དོན་རྐྱེན་དང་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཆ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་པ་རེད།
ལུའོ་པོ་ཐེ·ཁེན་ཉི་ཏི་ནི་ཨ་རིའི་ཙུང་ཐུང་ཐེངས་སོ་ལྔ་པའི་ཇོང་·ཁེན་ཉི་ཏི་ཡི་ནུ་བོ་ཡིན་པ་དང་། ཇོང་·ཁེན་ཉི་ཏི་ཡིས་སྲིད་འཛིན་བྱེད་རིང་ཁྲིམས་འཛིན་པུའུ་ཀྲང་གི་འགན་འཁུར་བ་རེད། ཕུ་བོ་ནི་1963ལོར་ཏ་ལ་སིར་ལྐོག་གསོད་བྱས་ནས་རྐྱེན་ལམ་དུ་ཤོར་བ་དང་། ནུ་བོ་ནི་1965ལོར་རྒྱལ་ཚོགས་ཀྱི་གྲོས་མིར་བདམས་པ་དང་། 1968ལོར་ཙུང་ཐུང་འདེམས་བསྐོའི་ནང་ཞུགས། ལོ་དེའི་ཟླ་6ཚེས་5ཉིན་ལྐོག་གསོད་བྱས་ཤིང་ལོ་42ལ་སླེབས་ཡོད་པ་རེད།