འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་22ཉིན།

༄༅།།དོན་རྐྱེན་འདིའི་ཁྲོད་མི་76རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་22ཉིན། 15:33】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེར་ལི་ཁ་ཡ་ཡིས། རྒྱལ་ཁབ་དེའི་ནུབ་བྱང་རྒྱུད་ཀྱི་གངས་ཤུད་ལྟེ་གནས་ཨར་ཁང་ཞིག་ཏུ་ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་མེ་སྐྱོན་ཐོན་ནས་མི་76རྐྱེན་ལམ་དུ་ཤོར་བ་དང་མི་51ལ་རྨས་སྐྱོན་ཕོག་ཡོད་ལུགས་བཤད་པ་རེད། ཐུར་ཁེའི་ཙུང་ཐུང་ཨར་ཏོ་ཨན་གྱིས་ཚེས་22ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།