གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་22ཉིན། 15:30】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕྱི་འབྲེལ་པུའི་གནས་འཕྲིན་ལ་གཞིགས་ན། ཟླ་དང་པོའི་ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པས། ལུའུ་པི་ཨའོ་ཡིས་ཐེ་རོན་ཕུ་སྲིད་གཞུང་གི་རྒྱལ་དོན་བློན་ཆེན་གྱི་འགན་འཁུར་རྒྱུའི་གཏན་འཁེལ་བྱས། ལུའུ་པི་ཨའོ་ལ་2020ལོར་ཀྲུང་གོས་བཀག་སྡོམ་བྱས། དེ་ཡིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་བཟོ་སྲིད་པའམ་ཡང་ན་འགོག་རྐྱེན་བཟོ་སྲིད་པར་དམིགས་ནས། ཀྲུང་གོ་ཕྱོགས་ཀྱིས་ལུའུ་པི་ཨའོ་ལ་བཀག་སྡོམ་མེད་པར་བཟོ་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད་དམ་ཞེས་དྲིས།
གོ་ཅ་ཁུན་གྱིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་དང་དུས་མཚུངས་སུ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་བྱེད་ཐབས་འོས་འཚམ་ཐོག་ནས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་དགོས་ཞེས་བཤད་པ་རེད།