གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་22ཉིན། 14:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་1ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱིས་ཐེ་རོན་ཕུ་ཀྲུང་གོར་གདན་འདྲེན་ཞུ་མིན་དང་། ཁོང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་དོན་སྙིང་གལ་ཆེན་ཅི་ཞིག་ཡིན་ཞེས་དྲིས།
གོ་ཅ་ཁུན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་སྲིད་གཞུང་གསར་པ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་ཞུགས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་འབྲེལ་གཏུག་རྒྱུན་འཁྱོངས་དང་། མཉམ་ལས་ལ་ཤུགས་སྣོན། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བར་འགོ་ཚུགས་ས་གསར་པའི་ཐོག་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།