འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཅིན་རན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་21ཉིན། 09:20】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
སྒྱུ་རྩལ་པས་སྟབས་བདེའི་རྐུབ་སྟེགས་ཤིག་ཁྱེར་ཡོང་ནས་དེའི་སྟེང་ཡར་འཛེགས་ཏེ་རྔ་རྡུང་བ་དང་གཞས་མ་གཏམ་ཤོད་འགོ་ཚུགས་ཏེ། སྦུབ་དང་པི་ཝང་རྒྱུད་གཉིས་མ་སོགས་རོལ་ཆའི་རམ་འདེགས་ལ་བརྟེན་ནས་གར་སྟེགས་སུ“ལུའུ་རྫོང་གི་རྔ་བོའི་གཞས་མ་གཏམ”འཁྲབ་སྟོན་བྱེད་བཞིན་ཡོད།
སྒྱུ་རྩལ་པའི་མིང་ལ་ཀྲུའུ་ཡིའུ་ཀོན་ཞེས་འབོད་པའི་གར་སྟེགས་སྒྱུ་རྩལ་པ་ཀྲུའུ་ཡུས་གོ་ནི་སི་ཁྲོན་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལུའུ་རྫོང་གི་རྔ་བོའི་གཞས་མ་གཏམ་རྒྱུན་འཛིན་མཁན་མི་རབས་དྲུག་པ་དེ་ཡིན། ཁོང་གིས་ཡུལ་མི་དང་གྲོང་སྡོད་ལས་བྱེད་པའི་རོགས་རམ་ལ་བརྟེན་ནས་རང་ཉིད་ལ་ཁང་པ་གསར་པ་རྒྱག་རོགས་བྱས་པའི་གཏམ་རྒྱུད་དེ་རྔ་བོའི་གཞས་མ་གཏམ་དུ་བཟོས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གླུ་རུ་བླངས་ཡོད།
ཟླ་1ཚེས་16ཉིན་གྱི་ཕྱི་དྲོར། “སི་ཁྲོན་དང་ཁྲུང་ཆིང་གི་གྲོང་གསེབ་མཚན་ཚོགས”སྐབས་དང་པོ་དེ་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་སུ་འཚོགས་པ་དང་། སི་ཁྲོན་དང་ཁྲུང་ཆིང་ནས་ཡོང་བའི་ལྟད་མོ་བ་དང་འཁྲབ་སྟོན་པ་བྱེད་སྒོ་སྤེལ་ཡུལ་དུ་འཛོམས་ནས་མི་ཚོགས་ཀྱིས་ཁེངས་ཡོད།
“ང་ཚོ་ཚང་མ་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་པ་ཡིན། ཞིང་བྲེལ་སྐབས་ཞིང་ལས་བྱེད་པ་དང་། ཞིང་དལ་སྐབས་ཉེ་འཁོར་གྱི་འཚོ་བའི་མྱོང་བ་གསར་རྩོམ་བྱས་ཏེ་རིག་གནས་འཁྲབ་སྟོན་ནང་ཞུགས་ཀྱི་ཡོད”ཅེས་འཁྲབ་སྟོན་མཇུག་སྒྲིལ་རྗེས་ཀྲུའུ་ཡུས་གོ་ཡིས་གསར་འགོད་པར་བཤད་པ་དང་། ཁོང་གིས“ལོ་འདི་དག་རིང་འཁྲབ་སྟོན་དང་། ཁྱབ་སྤེལ། རྒྱུན་འཛིན་བཅས་བྱས་པ་བརྒྱུད། ལུའུ་རྫོང་གི་རྔ་བོའི་གཞས་མ་གཏམ་ཤེས་རྟོགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། སི་ཁྲོན་དང་ཁྲུང་ཆིང་ཁྱིམ་ཚང་གཅིག་ལྟར་བརྩེ་བས། དམངས་ཁྲོད་ཀྱི་སྒྱུ་རྩལ་དང་རིག་གནས་སྤེལ་རེས་དེ་བས་མང་བ་བྱེད་དགོས”ཞེས་བརྗོད།
“འཁྲབ་སྟོན་གྱི་ལེ་ཚན་གྱིས་དཔའ་སྐྱེད་ཡར་བརྩོན་གྱི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་མངོན་པས་ལྟད་མོ་ཧ་ཅང་ཆེན་པོ་འདུག”ཅེས་ལྟད་མོ་ལྟ་བཞིན་པའི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་འཐུས་མི་ཡིན་པའི་ཡུང་ཁྲོན་ཆུས་ཀྲུའུ་ཐུའོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞའོ་ཝུའུ་ཡིས་བརྗོད་པ་དང་། ཁོང་གིས“ད་རེས་ཀྱི‘གྲོང་གསེབ་མཚན་ཚོགས’འདི་མཚན་ཚོགས་ཙམ་མ་ཡིན་པར། སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་དང་མཉམ་ལས་ཀྱི་གསོན་ཉམས་ལག་ལེན་ཞིག་དེ་བས་ཀྱང་རེད”ཅེས་བརྗོད།
ས་གནས་ས་ཐོག་ཏུ་དཔྱད་བསྡུར་བྱས་པ་བརྒྱུད། ཁྲུང་ཆིང་ཡུང་ཁྲོན་ཆུས་ཀྱི《སྟེགས་མཐོའི་སེང་རྩེད》དང་། སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་གྱི་ལུའུ་རྫོང་གི་རྔ་བོའི་གཞས་མ་གཏམ《ཡུའོ་ཀོན་གྱི་ཁང་གསར》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་ཡོད།
“གྲོང་གསེབ་མཚན་ཚོགས”ཀྱི་གར་སྟེགས་བརྒྱབ་པ་མ་ཟད། ད་དུང་ལོ་གསར་གྱི་མཁོ་ཆས་ཀྱང་འཚོང་ཆོག་གི་ཡོད། 2025ལོའི་སི་ཁྲོན་དང་ཁྲུང་ཆིང་གི་དཔྱིད་གསར་དུས་ཆེན་གྱི་མཁོ་ཆས་རིག་གནས་དུས་ཆེན་དེ་ཡུང་ཁྲོན་ཆུས་ལ“སི་ཁྲོན་དང་ཁྲུང་ཆིང་གི་གྲོང་གསེབ་མཚན་ཚོགས”དང་མཉམ་དུ་གཉེར་བ་དང་། ལོ་གསར་གྱི་མཁོ་ཆས་ཧ་ཅང་ཕུན་སུམ་ཚོགས་པས་མང་ཚོགས་ཀྱི་འཛད་སྤྱོད་སྤྲོ་སྣང་ཆེས་ཆེར་འཕེལ་ཡོད།
ཡུང་ཁྲོན་ཆུས་ཀྱི་ལོ་གསར་མཁོ་ཆས་ཚོང་བའི་དུས་ཆེན་དེ་སྔོན་ལོ་མང་གཉེར་མྱོང་ཡོད། འདི་ལོར་ས་གནས་དེ་གའི་ཁེ་ལས་ཞུགས་ཡོད་པ་མ་ཟད། སི་ཁྲོན་གྱི་ཚོང་པ་མང་པོ་གདན་དྲངས་པས། “སི་ཁྲོན་དང་ཁྲུང་ཆིང་གི་དཔྱིད་གསར་དུས་ཆེན་གྱི་ལོ་གསར་མཁོ་ཆས་ཀྱི་རིག་གནས་དུས་ཆེན”དུ་གྱུར་ཡོད།
“ཁྲེང་ཏུའུ་དང་ཁྲུང་ཆིང་ས་གནས་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་བསྐྲུན་ནས་ལོ་ལྔ་སོང་རིང་། ས་གནས་གཉིས་ཀྱི་མི་སེར་དབར་རིག་གནས་དང་འཛད་སྤྱོད་གང་ས་ཅི་ཐད་ལ་སྤེལ་རེས་དེ་བས་ཟབ་ཏུ་ཕྱིན་ཡོད”ཅེས་ཡུང་ཁྲོན་ཆུས་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲོའུ་ཆན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ད་རེས་ཀྱི་ལོ་གསར་མཁོ་ཆས་ཚོང་བའི་དུས་ཆེན་གྱིས“འཁྲབ་སྟོན་དང་། ཚོང་འདུས། མཉམ་འགུལ་ཉམས་ལེན་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་ཐོག་ནས་སི་ཁྲོན་དང་ཁྲུང་ཆིང་གི་ཡུལ་ཟོག་ཁྱབ་གདལ་དང་ཕྱིར་ཚོང་གིས་དབྱིངས་ཞུགས་རྣམ་པའི་འཛད་སྤྱོད་ཉམས་ལེན་བྱས་ནས་ཚང་མར་ལོ་གསར་གྱི་རྣམ་པ་ཟབ་མོ་ཞིག་མྱོང་རོལ་ཐུབ་པ་བྱས་ཡོད་ཅེས་བརྗོད།