འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་21ཉིན།

༄༅།།ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས“དྭངས་གསལ·2025ལོའི་དཔྱིད་གསར་དུས་ཆེན་གྱི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་21ཉིན། 09:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   བཀྲ་ཤིས་ཤིང་སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་གྱི་དྲ་རྒྱའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཚེས་19ཉིན་ནས་བཟུང་། དུས་ཡུན་ཟླ་བ་གཅིག་རིང་གི“དྭངས་གསལ·2025ལོའི་དཔྱིད་གསར་དུས་ཆེན་གྱི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། དཔྱིད་གསར་དུས་ཆེན་རིང་དྲ་དམངས་ཀྱི་རྒྱུན་སྤྱོད་ལས་སྟེགས་ཀྱི་ལྷུ་ཚིགས་དང་། ཞབས་ཞུ་རིགས་མི་འདྲ་བར་དམིགས་ནས་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་དྲ་རྒྱའི་ཁོར་ཡུག་གི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུའི་ཐག་བཅད་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། བཀྲ་ཤིས་ཤིང་སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་གྱི་དྲ་རྒྱའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཚེས་19ཉིན་ནས་བཟུང་། དུས་ཡུན་ཟླ་བ་གཅིག་རིང་གི“དྭངས་གསལ·2025ལོའི་དཔྱིད་གསར་དུས་ཆེན་གྱི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། དཔྱིད་གསར་དུས་ཆེན་རིང་དྲ་དམངས་ཀྱི་རྒྱུན་སྤྱོད་ལས་སྟེགས་ཀྱི་ལྷུ་ཚིགས་དང་ཞབས་ཞུ་རིགས་མི་འདྲ་བར་དམིགས་ནས་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་དྲ་རྒྱའི་ཁོར་ཡུག་གི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུའི་ཐག་བཅད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བྱ་སྤྱོད་སྤེལ་རིང་། འགལ་ཟླ་ཤུགས་ཆེན་སློང་བ་དང་། ཆ་འཕྲིན་རྫུན་མ་བཟོ་བ། ཐ་ཤལ་དང་གོམས་གཤིས་ངན་པ་བརྒྱུད་སྤེལ། ཚུལ་མིན་རིག་གནས་འུད་སྒྲོག ཁྲིམས་འགལ་བྱེད་སྤྱོད་ཕྱིར་འདྲེན། འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་ཕྱོགས་དྲུག་གི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།

    ལས་ཀའི་བླང་བྱར་གཞིགས་ཏེ། ཆེད་དོན་བྱ་སྤྱོད་ཀྱིས་ལས་སྟེགས་ཀྱི་འགན་འཁྲི་ནན་དུ་བཏང་ནས་གཙོ་གནད་དྲ་ཚིགས་ལས་སྟེགས་ལ་ལས་ཀའི་ཆེད་གཉེར་ཚོགས་ཆུང་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། རྩི་སྟངས་དོ་དམ་འོས་སྦྱོར་དང་། དྲ་ངོས་བརྙན་ངོས། འཚོལ་མང་བའི་མིང་ཐོ། གླེང་མང་འོས་སྦྱོར། PUSHཧོབ་ཐོན་སྐར་ཁུང་། འཕྲིན་འགྲུལ། དཔྱད་གཏམ་སོགས་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་རྩི་ཐབས་ལ་བརྟེན་ནས་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པ་བཀག་ནས། གཙོ་གནད་ལྷུ་ཚིགས་ཀྱི་ཁོར་ཡུག་རྣམ་པ་བཟང་པོ་འགན་ལེན་བྱ་རྒྱུ་རེད། ཐག་གཅོད་དང་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་མངོན་གསལ་དོད་པའི་ཁྲིམས་འགལ་དང་སྒྲིག་འགལ་གྱི་དྲ་ཚིགས་ལས་སྟེགས་དང་། རྩིས་ཐོ། MCNསྒྲིག་གཞི་བཅས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་དཔེ་མཚོན་གྱོད་དཔེ་ཐག་གཅོད་ཞིབ་བཤེར་བྱས་ཚུལ་དང་བཅོས་སྐྱོང་གི་ཕན་འབྲས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་ཟིལ་ཤུགས་ནུས་ལྡན་ཞིག་ཆགས་པ་བྱ་རྒྱུ་ཡིན་པ་རེད།