གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་21ཉིན། 09:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་པེ་ཅིང་དུ་མིག་ཤེད་དང་རྣ་ཤེད་ཉམས་པའི་མིས་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཐོག་མར་མྱོང་རོལ་ཐུབ་པ་བྱ་རྒྱུ་དང་། པེ་ཅིང་གི་ཚོགས་ར་གཙོ་བོར་རེན་ལུའུ་ཡུས་དང་། ས་པེ་ཉིང་། ཉི་ཀེ་མའེ་ཐི། ལུང་དབྱང་། མ་ཧྥན་ཧྲུའུ་བཅས་ཀྱིས་གཙོ་སྐྱོང་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་ཤེད་དང་རྣ་ཤེད་ཉམས་པའི་མིས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཇི་མ་ཇི་བཞིན་མྱོང་རོལ་ཐུབ་ཆེད། ལག་བརྡ་སྤྲོད་མཁན་ཚོས་དངོས་ཡོད་ལག་རྩལ་ཆེ་རུ་བཏང་བ་བརྒྱུད་ལག་བརྡའི་ཐོག་ནས“འགྲེལ་བཤད”རྒྱག་རྒྱུ་དང་། བརྙན་ཤེལ་མང་པོའི་ཐོག་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་འཁྲབ་སྟོན་དང་ལག་བརྡ་སྤྲོད་མཁན་ཚོའི་པར་དུས་གཅིག་ཏུ་བསྟན་རྒྱུ་མ་ཟད། མིས་བཟོས་རིག་ནུས་ཀྱི་སྐད་བརྡའི་ལག་རྩལ་ལ་བརྟེན་ནས་ཡི་གེ་བཟོས་ཏེ་རྣ་ཤེད་ཉམས་མཁན་ཚོས་ཡི་གེར་བལྟས་ནས་འཁྲབ་སྟོན་བལྟ་རྒྱུའི་དགོས་མཁོ་སྐོང་རྒྱུ་རེད།