འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་20ཉིན།

༄༅།།རྨོ་ཞིང་བཙན་བཟུང་བྱས་ནས་ཁང་པ་བསྐྲུན་རིགས་དག་ཐེར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་20ཉིན། 15:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་ཁ་ཤས་སུ་ “མི་ཆོག་པ་བརྒྱད་”ཀྱི་བླང་བྱ་དང་འགལ་ནས་རྨོ་ཞིང་གང་བྱུང་དུ་བཟུང་བ་དང་གཏོར་བརླག་གཏོང་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པར་དམིགས་ནས། རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་གྲོང་གསེབ་པུའུ་ཡིས་ཉེ་ཆར་“མི་ཆོག་པ་བརྒྱད་”ཀྱི་བླང་བྱ་བརྩི་སྲུང་ནན་པོར་བྱས་ཏེ། གནད་དོན་གསར་པ་ཐོན་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པའི་བརྡ་ཐོ་བཏང་།

རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན། རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་དེ་མི་དུང་ཕྱུར་14གྱི་ཟ་མའི་དཀའ་གནད་སེལ་བ་དང་འབྲེལ་བ་ཡོད་པས་ནོར་འཁྲུལ་ཅུང་ཙམ་ཡང་ཤོར་དུ་བཅུག་མི་ཆོག བརྡ་ཐོའི་ནང་རྨོ་ཞིང་གང་བྱུང་དུ་བཟུང་བ་དང་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ས་ཞིང་རྣམ་པ་བསྒྱུར་ནས་ཉོ་ཚོང་བྱེད་པ་དང་ཟླ་སྒྲིལ་གཏོང་རིགས་བཀག་འགོག་ནན་པོར་བྱེད་པ། “དྲོད་ཁང་ཆེན་པོ་”སླར་ཡང་འབྱུང་བ་ཏན་ཏིག་བྱེད་པ། ས་ནག་བཙན་བཟུང་བྱས་ནས་“ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ཆུང་”བསྐྲུན་རིགས་སོགས་རྨོ་ཞིང་བཙན་བཟུང་བྱེད་པའི་གནད་དོན་སྣ་ཚོགས་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། སྦྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཞིང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་གི་ལྟ་སྐུལ་དོ་དམ་གྱི་འགག་སྒོ་ཡག་པོར་བཀག་ཏེ། རྨོ་ཞིང་སྲུང་སྐྱོང་ལས་དོན་སྔར་ལས་ནན་པོར་བྱས་ཏེ་རྨོ་ཞིང་མུའུ་དུང་ཕྱུར་18ཡི་དམར་ཐིག་བརྟན་པོར་སྲུང་ཐུབ་པའི་འགན་སྲུང་བྱེད་དགོས།

བརྡ་ཐོའི་ནང་། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ནན་པོ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་པ་བསྐྲུན་པའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། གནད་དོན་གསར་པ་ཐོན་རིགས་ལ་“བཟོད་སྒོམ་གཏན་ནས་མི་བྱེད་པར་”་བཀག་འགོག་བྱ་དགོས། “མི་ཆོག་པ་བརྒྱད་”གྱི་བླང་བྱ་དང་འགལ་ཞིང་ཁྲིམས་འགལ་ཐོག་ནས་རྨོ་ཞིང་བཟུང་སྤྱོད་བྱེད་པའི་གནད་དོན་གསར་པ་ཐོན་རིགས་ལ་“བཟོད་སྒོམ་གཏན་ནས་མི་བྱེད་པའི་”རྣམ་འགྱུར་ཐོག་ནས་ཁྲིམས་ལྟར་ཐག་གཅོད་ནན་པོར་བྱེད་དགོས་པ་དང་། ལྷག་པར་དུ་བཙན་བཟུང་བྱས་ནས་མང་པོ་བཟུང་བ་དང་ཁྲིམས་འགལ་ཐོག་ནས་ཕྱིར་ཚོང་བྱེད་པ་སོགས་བསམ་ངན་བཅངས་ནས་ས་ཞིང་བཟུང་སྟེ་ཁང་པ་བསྐྲུན་པའི་བྱ་སྤྱོད་ལ་ཉེས་ཆད་ནན་པོར་གཅོད་དགོས། རྨོ་ཞིང་སྲུང་སྐྱོང་བྱེད་པོའི་འགན་འཁྲི་སྔར་ལས་དམ་ཟབ་དང་། ཁྲིམས་འགལ་བྱ་སྤྱོད་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བཀག་འགོག་བྱེད་པ། ཞིབ་བཤེར་ཐག་གཅོད་ནན་པོ་བཅས་ཏན་ཏིག་བྱེད་དགོས། ཁྲིམས་འགལ་ཐོག་ནས་རྨོ་ཞིང་བཟུང་སྤྱོད་བྱས་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་མཁན་ལ་དག་ཐེར་ཐག་གཅོད་མ་བྱས་གོང་། ཞིང་ལས་མིན་པའི་འཛུགས་སྐྲུན་གྱི་བཟུང་གསབ་དང་ཁ་གསབ་ཟུང་འབྲེལ་ལག་བསྟར་བྱེད་པའི་ཞིང་ཆེན་གྱིས་ངེས་པར་དུ་ས་གནས་དེ་གའི་དེ་མཚུངས་ཀྱི་གསོག་འཇོག་ཁ་གསབ་རྨོ་ཞིང་གི་དམིགས་ཚད་སྔོན་ལ་བསྡམས་བཅོལ་བྱ་དགོས། དཔེ་མཚོན་གྱི་གནད་དོན་གལ་ཆེན་རྣམས་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་དང་། ཐད་ཀར་གྱོད་ཞུ། ཡོངས་བསྒྲགས་བརྡ་ཁྱབ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས།