འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་18ཉིན།

༄༅།།ཨུ་རུ་སུ་དང་ཡུག་རེན་གྱིས་ཚོཊ་འདུ་འདི་འཚོགས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་17ཉིན། 14:53】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་ཀྱིས་བཟུང་དམག་གནད་དོན་སྐོར་གྱི་ཕྱོགས་བཞིའི་ཚོགས་འདུ་ཐེངས་དང་པོ་འཚོགས། ཡུག་རེན་ཕྱོགས་ཀྱིས་གྲོས་འགོ་བཏོན་པ་བརྒྱུད། ཚེས་16ཉིན་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱིས་ཕྱོགས་བཞིའི་སྒྲོམ་གཞིའི་འོག་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་བཟུང་དམག་གི་ཐོབ་ཐང་དང་། གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་རྒྱུ། རོགས་སྐྱོར་དངོས་ཟོག་བདེ་བླག་ངང་རོགས་རམ་བྱེད་དགོས་པའི་ས་ཁུལ་དུ་སྐྱེལ་ཐུབ་པ། ཁ་གྱེས་པའི་ཁྱིམ་ཚང་སླར་ཡང་མཉམ་འཛོམས་བྱ་རྒྱུར་རོགས་རམ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།

ཨུ་རུ་སུའི་ཙུང་ཐུང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་ཆེད་བསྐོས་པ་མོ་སི་ཁ་ལི་ཁོ་ཝ་དང་། ཡུག་རེན་གྱི་ཆེས་མཐོའི་ལ་ཏ་འགྲོ་བ་མིའི་ཐོབ་ཐང་གི་འཐུས་མི་ལུའུ་པི་ཉེ་ཚི། ཨུ་རུ་སུ་དང་བྷེ་ཨུ་རུ་སུའི་ས་ཁོངས་སུ་བཅའ་སྡོད་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཚོགས་པའི་ཚོགས་གཙོ་སྨི་ཞེའར་དང་། དེ་བཞིན་ཡུག་རེན་དུ་བཅའ་སྡོད་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཚོགས་པའི་ཚོགས་གཙོ་ཨའེ་ཀེ་ལིན་ཡང་ད་ཐེངས་ཀྱི་ཚོགས་འདུར་ཞུགས་པ་རེད། མོ་སི་ཁ་ལི་ཁོ་ཝ་ཡིས་ཚོགས་འདུ་གྲོལ་རྗེས། ད་ཐེངས་ཀྱི་སྐད་ཆ་ཤོད་རེས་ནི་ཡིད་ཆེས་ལ་ཤུགས་སྣོན་རྒྱག་པ་དང་། ཚེ་སྲོག་དང་བདེ་འཇགས་ཁེ་དབང་སྲུང་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་སྤེལ་བའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཞེས་བཤད་པ་རེད།