འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་18ཉིན།

༄༅།།ཕུའུ་ཅིང་གིས་བཀའ་རྒྱ་འདིར་མིང་རྟགས་བཀོད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་17ཉིན། 14:52】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཚེས་16ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་གྲ་སྒྲིག་དམག་ཞབས་ཀྱི་སྤྱི་དམངས་བསྡུས་པ་དེ་2025ལོའི་དམག་དོན་གཅིག་བསྡུས་སྦྱོང་བརྡར་ནང་ཞུགས་རྒྱུའི་བཀའ་ཡིག་ལ་མིང་རྟགས་བཀོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱ་ཐབས་དེའི་དམིགས་ཡུལ་ནི་གྲ་སྒྲིག་དམག་ཞབས་མི་སྣའི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུའི་འགན་སྲུང་བྱེད་པ་མ་ཟད། དེའི་དམག་དོན་རྩལ་ནུས་ཆེ་རུ་གཏོང་ཆེད་ཡིན་པ་དང་། དེ་ནི་ཨུ་རུ་སུའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འགོག་སྲུང་མ་ལག་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་ཀྱི་གྲུབ་ཆ་ཞིག་རེད།