དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་17ཉིན། 10:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ཕྱོཌ་བསྡུས་སྐྱེལ་འདྲེན་དཔྱིད་གསར་སྐྱེལ་འདྲེན་ལས་དོན་གྱི་ཆེད་སྤྱོད་མེ་འཁོར་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་1ཚེས་14ཉིན་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་སྤྱི་ཚོཌ་ཡོངས་ཀྱི་ས་ཁོངས་ལས་སྒྲོལ་བའི་མི་སྣ་འགྲུལ་བཞུད་བྱེད་ཚད་སྤྱིར་ན་མི་ཐེངས་དུང་ཕྱུར་1.7ལྷག་ཙམ་ཟིན་པ་རེད། དེའི་ནང་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1030དང་། གཞུང་ལམ་ནས་མི་སྣ་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་1.6ཙམ། ཆུ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་53 དམངས་སྤྱོད་མཁའ་འགྲུལ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་204བཅས་ཟིན་ཡོད་པ་རེད།
སྤྱིའི་གཞི་ཁྱོན་ནས་བལྟས་ན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་སྒྲོལ་བའི་མི་སྣ་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་90ཟིན་ནས་དུས་མཚུངས་ལས་7%ཙམ་འཕར་རྒྱུ་ཡིན་པ་རེད།