འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་16ཉིན།

༄༅།།ཨུ་རུ་སུ་དང་ཡུག་རེན་གྱིས་བཀག་ཉར་མི་སྣ་བརྗེ་རེས་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་16ཉིན། 14:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་15ཉིན་ཁྱབ་བསྒྲགས་བྱས་པའི་གནས་འཕྲིན་ལ་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་བར་བཀག་ཉར་བྱས་པའི་མི་སྣ་25བརྗེ་རེས་བྱས་པ་དང་། ཉེ་ལམ། ཨུ་རུ་སུའི་བཀག་ཉར་བྱས་པའི་མི་སྣ་བྷེ་ཨུ་རུ་སུའི་མངའ་ཁོངས་སུ་གནས་པ་མ་ཟད། སེམས་ཁམས་དང་སྨན་བཅོས་རོགས་སྐྱོར་ཐོབ་ཡོད་པ་རེད།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ད་ཐེངས་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་པའི་ལས་དོན་ཁྲོད་གཞོགས་འདེགས་བྱས་ཡོད་ཅེས་བཤད་པ་རེད།