གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་15ཉིན། 15:36】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་དང་པོའི་ཚེས་13ཉིན། ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། 2024ལོའི་ཟླ་དང་པོ་ནས་ཟླ་12བར་རང་རྒྱལ་གྱིས་སོ་སོར་རླངས་འཁོར་ཁྲི་3128.2དང་ཁྲི་3143.6ཐོན་སྐྱེད་དང་ཕྱིར་ཚོང་བྱས་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་སོ་སོར་3.7%དང་4.5%འཕར་བ་དང་། ལོ་རེའི་ཐོན་སྐྱེད་དང་ཕྱིར་ཚོང་ཚང་མ་ལོ་རྒྱུས་ཀྱི་ཚད་མཐོ་ཤོས་ཟིན་ཡོད།
ནུས་ཁུངས་གསར་པའི་རླངས་འཁོར་མུ་མཐུད་མགྱོགས་མྱུར་འཕར་བ་དང་། ལོ་རེའི་ཐོན་སྐྱེད་དང་ཕྱིར་ཚོང་ཁྲི་1288.8དང་ཁྲི་1286.6སོ་སོར་ལེགས་འགྲུབ་བྱུང་བ་དང་། ལོ་སྔོན་མའི་དུས་མཚུངས་ལས་སོ་སོར་34.4%དང་35.5%འཕར་ཡོད། ནུས་ཁུངས་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་ནི་རླངས་འཁོར་གསར་པ་ཕྱིར་ཚོང་བསྡོམས་འབོར་གྱི་40.9%ཟིན་ཡོད། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1200ལས་བརྒལ་ནས་བསྟུད་མར་ལོ་བཅུ་ལ་འཛམ་གླིང་གི་ཨང་དང་པོ་ཡིན།