འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་15ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་14ཉིན། 17:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་13ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་བཤད་དོན། པའེ་ཏེང་སྲིད་གཞུང་གིས་ཟླ་དང་པོའི་ཚེས་13ཉིན་མིས་བཟོས་རིག་ནུས་ཀྱི་འབྲེལ་ཡོད་ཕྱིར་གཏོང་དོ་དམ་བྱེད་ཐབས་ཁྱབ་བསྒྲགས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་ཡོད། བྱེད་ཐབས་དེས་མིས་བཟོས་རིག་ནུས་ཉིང་ལྷེབ་དང་དཔེ་དབྱིབས་དཔྱད་གྲངས་སོགས་ཕྱིར་གཏོང་དོ་དམ་ལ་སྔར་ལས་ནན་དུ་བཏང་བ་མ་ཟད། ད་དུང་དཔུང་རིང་དོ་དམ་རྒྱ་སྐྱེད་བཏང་ནས་ཕྱོགས་གསུམ་པ་དང་ཀྲུང་གོའི་བར་རྒྱུན་ལྡན་གྱི་ཉོ་ཚོང་བྱེད་པར་འགོག་རྐྱེན་བཟོ་བ་དང་ཐེ་གཏོགས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

མགྲིན་ཚབ་པ་དེ་ཡིས་པའེ་ཏེང་སྲིད་གཞུང་གིས་ཕྱིར་གཏོང་དོ་དམ་བྱེད་ཐབས་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་ཁག་གི་རྒྱུན་ལྡན་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་འགོག་རྐྱེན་ཚབས་ཆེན་བཟོས་པ་དང་། ཁྲོམ་རའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ། ཨ་རིའི་ཁེ་ལས་ཚུད་པའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།