གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་13ཉིན། 15:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ལུའོ་ཧྲན་ཅི་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་མིག་སྔར་ཀྲུང་གོའི་སྤྱི་དམངས་རི་མེ་ཁྲོད་ཤི་རྨས་བྱུང་བའི་སྙན་ཞུ་གནས་སྐབས་འབྱོར་མེད་ཅེས་བཤད་པ་རེད།
ཚེས་10ཉིན་ལུའོ་ཧྲན་ཅི་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་བརྡ་ཁྱབ་ཁྱབ་བསྒྲགས་བྱས་ནས། ཅ་ཀྲོའུ་ལྷོ་མའི་ས་ཁུལ་གྱི་ཀྲུང་གོའི་སྤྱི་དམངས་ལ་རི་མེ་བྱུང་བའི་གནས་ཚུལ་ལ་དོ་ཁུར་དམ་ཟབ་བྱེད་པ་དང་། འཕྲལ་བསྟུན་གྲ་སྒྲིག་སྔོན་ལ་ཡག་པོ་བྱས་ཏེ་ས་གནས་དེ་གའི་སྲིད་གཞུང་གི་ཁ་འགྲེམས་བཀའ་ལ་ཉན་ནས་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ། འཕྲོག་བཅོམ་དང་རྐུ་འཕྲོག་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྔོན་འགོག་བྱས་ནས། མི་ལུས་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
ཚེས་11ཉིན་གྱི་ས་སྲོད་ཨ་རིའི་ལུའོ་ཧྲན་ཅི་རྫོང་ཁྲིམས་དཔྱད་སྨན་པའི་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། ལུའོ་ཧྲན་ཅི་ས་ཁུལ་དུ་མཆེད་པའི་རི་མེའི་ཁྲོད་མི་16རྐྱེན་ལམ་དུ་ཤོར་བ་རེད།