གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་12ཉིན། 13:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀུན་སྤྱོད་ལ་བརྩི་བཀུར་དང་། སྒྱུ་རྩལ་དར་སྤེལ་གཏོང་བ། གཞུང་འཁྱོངས་གསར་འབྱེད་བཅས་མཐའ་འཁྱོངས་ཀྱིས་ཅིང་ཅུས་ཟློས་གར་གྱི་སྒྱུ་རྩལ་ནས་དུས་རབས་ཀྱི་བཀྲག་མདངས་རྒྱུན་མཐུད་འཚེར་བར་བྱེད་དགོས།
རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་གི་གཞོན་ནུ་སྒྱུ་རྩལ་ལས་དོན་པ་རྣམ་པ།
འཕྲིན་ཡིག་འབྱོར་བྱུང་། རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་བཙུགས་ནས་ལོ་70འཁོར་བའི་སྐབས་སུ་ཁྱེད་ཚོ་དང་དེ་བཞིན་འཁྲབ་སྟོན་པ་ཡོངས་ལ་རྟེན་འབྲེལ་དང་འཚམས་འདྲི་ཞུ་རྒྱུ་ཡིན།
རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་བཙུགས་ཚུན། ཏང་གི་རིག་རྩལ་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ཏེ། ཟློས་གར་བརྩམས་ཆོས་རྩེ་གྲ་མང་པོ་གསར་གཏོད་བྱས་པ་དང་ཕུལ་བྱུང་སྒྱུ་རྩལ་ཤེས་ལྡན་པ་མི་ཉུང་བ་ཞིག་ཐོན་ནས་ཀྲུང་ཧྭའི་ཟློས་གར་གྱི་མེ་ཏོག་ལྡུམ་རར་རྣམ་པར་བཀྲ་བའི་ཚོན་མདངས་བསྣན་ཡོད། འགོ་འཛུགས་ས་གསར་པར་ཁྱེད་ཚོས་རྒན་རབས་པ་གྲགས་ཅན་ཚོའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། སྒྱུ་རྩལ་དམངས་ཆེད་ལག་བསྟར། ཀུན་སྤྱོད་ལ་བརྩི་བཀུར་དང་། སྒྱུ་རྩལ་དར་སྤེལ་གཏོང་བ། གཞུང་འཁྱོངས་གསར་འབྱེད་བཅས་མཐའ་འཁྱོངས་ཀྱིས་ཅིང་ཅུས་ཟློས་གར་གྱི་སྒྱུ་རྩལ་ནས་དུས་རབས་ཀྱི་བཀྲག་མདངས་རྒྱུན་མཐུད་འཚེར་བར་བྱས་ནས། རིག་རྩལ་བྱ་གཞག་དར་རྒྱས་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་བའི་རེ་བ་ཡོད།
ཞི་ཅིན་ཕིང་།
2025ལོའི་ཟླ་1ཚེས་9ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་འབྱོར་བའི་གློག་འཕྲིན)
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་གི་གཞོན་ནུ་སྒྱུ་རྩལ་ལས་དོན་པར་འཕྲིན་ལན་སྤྲིངས་ནས་རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་བཙུགས་ནས་ལོ་70འཁོར་བའི་སྐབས་དང་བསྟུན་ནས་འཁྲབ་སྟོན་པ་ཡོངས་ལ་རྟེན་འབྲེལ་དང་འཚམས་འདྲི་ཞུས་པ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་བཙུགས་ཚུན། ཏང་གི་རིག་རྩལ་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ཏེ། ཟློས་གར་བརྩམས་ཆོས་རྩེ་གྲ་མང་པོ་གསར་གཏོད་བྱས་པ་དང་ཕུལ་བྱུང་སྒྱུ་རྩལ་ཤེས་ལྡན་པ་མི་ཉུང་བ་ཞིག་ཐོན་ནས་ཀྲུང་ཧྭའི་ཟློས་གར་གྱི་མེ་ཏོག་ལྡུམ་རར་རྣམ་པར་བཀྲ་བའི་ཚོན་མདངས་བསྣན་ཡོད། འགོ་འཛུགས་ས་གསར་པར་ཁྱེད་ཚོས་རྒན་རབས་པ་གྲགས་ཅན་ཚོའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། སྒྱུ་རྩལ་དམངས་ཆེད་ལག་བསྟར། ཀུན་སྤྱོད་ལ་བརྩི་བཀུར་དང་། སྒྱུ་རྩལ་དར་སྤེལ་གཏོང་བ། གཞུང་འཁྱོངས་གསར་འབྱེད་བཅས་མཐའ་འཁྱོངས་ཀྱིས་ཅིང་ཅུས་ཟློས་གར་གྱི་སྒྱུ་རྩལ་ནས་དུས་རབས་ཀྱི་བཀྲག་མདངས་རྒྱུན་མཐུད་འཚེར་བར་བྱས་ནས། རིག་རྩལ་བྱ་གཞག་དར་རྒྱས་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་བའི་རེ་བ་ཡོད། (འཕྲིན་ལན་ཆ་ཚང་ཟུར་དུ་བཀོད་ཡོད)
རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་ནི་རིག་གནས་དང་ཡུལ་སྐོར་པུའི་ཐད་གཏོགས་རྒྱལ་ཁབ་སྒྱུ་རྩལ་ཁང་གི་ཚོགས་པ་ཞིག་ཡིན། དེ་ནི་1955ལོའི་ཟླ་དང་པོར་བཙུགས་པའི་དེ་སྔའི་ཀྲུང་གོ་ཅིང་ཅུས་ཟློས་གར་ཁང་ཡིན་པ་དང་། མེ་ལན་ཧྥང་གིས་ཡོན་ཀྲང་དང་པོ་དེ་གནང་ཡོད། 2007ལོར་རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་ཞེས་པར་མིང་བསྒྱུར་ཡོད། ཉེ་ཆར་རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་གི་གཞོན་ནུ་སྒྱུ་རྩལ་ལས་དོན་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་ཅིང་ཅུས་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ་དང་ཅིང་ཅུས་ཟློས་གར་གྱི་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད་འབད་འཐབ་བྱེད་པའི་ཆོད་སེམས་མཚོན་པར་བྱས་པ་རེད།