ཞི་ཅིན་ཕིང་གིས་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་འཕྲིན་ཡིག་སྤྲིངས་ནས་ནན་བཤད་གནང་དོན།
ཞི་ཅིན་ཕིང་གིས་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་སྤྲིངས་པའི་འཕྲིན་ཡིག
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་12ཉིན། 13:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚོགས་པའི་སྐབས་དང་བསྟུན་ནས་ངས་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་འཚམས་འདྲི་ཞུ་རྒྱུ་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་ཁག་ཁྲིམས་རིག་ལྷན་ཚོགས་ཀྱིས་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལས་དོན་འབོར་ཆེན་བསྒྲུབས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རིམ་ཁག་ཁྲིམས་རིག་ལྷན་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། འབྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་སྔར་བས་ཡག་པོ་འདོན་པ། ཁྲིམས་རིག་པའི་ཞིབ་འཇུག་དར་འཕེལ་གཏོང་བ། ཁྲིམས་སྐྱོང་ལག་ལེན་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ཁྲིམས་རིག་ལྷན་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པས་ཁྲིམས་སྐྱོང་གི་གདེང་ཚོད་བརྟན་པོ་ཡོང་བ་དང་། ལས་འགན་དང་འགན་འཁྲི་ཧུར་ཐག་སྒྲུབ་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རླབས་ཆེན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ཆུ་ཚད་སྔར་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། རིམ་ཁག་ཏང་ཨུད་ཀྱིས་ཁྲིམས་རིག་ལྷན་ཚོགས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་རིག་ལྷན་ཚོགས་ཀྱིས་ཁྲིམས་ལྟར་སྒྲིག་ཡིག་གཞིར་བཟུང་ལས་དོན་སྤེལ་བར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས།
ཞི་ཅིན་ཕིང་།
2025ལོའི་ཟླ་1ཚེས་10ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་འབྱོར་བའི་གློག་འཕྲིན)
ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚོགས་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་འཚམས་འདྲི་གནང་བ་མ་ཟད། ཁྲིམས་རིག་ལྷན་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བླང་བྱའང་བཏོན་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་ཁག་ཁྲིམས་རིག་ལྷན་ཚོགས་ཀྱིས་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལས་དོན་འབོར་ཆེན་བསྒྲུབས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རིམ་ཁག་ཁྲིམས་རིག་ལྷན་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། འབྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་སྔར་བས་ཡག་པོ་འདོན་པ། ཁྲིམས་རིག་པའི་ཞིབ་འཇུག་དར་རྒྱས་གཏོང་བ། ཁྲིམས་སྐྱོང་ལག་ལེན་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཁྲིམས་རིག་ལྷན་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པས་ཁྲིམས་སྐྱོང་གི་གདེང་ཚོད་བརྟན་པོ་ཡོང་བ་དང་། ལས་འགན་དང་འགན་འཁྲི་ཧུར་ཐག་སྒྲུབ་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རླབས་ཆེན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ཆུ་ཚད་སྔར་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། རིམ་ཁག་ཏང་ཨུད་ཀྱིས་ཁྲིམས་རིག་ལྷན་ཚོགས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁྲིམས་རིག་ལྷན་ཚོགས་ཀྱིས་ཁྲིམས་ལྟར་སྒྲིག་ཡིག་གཞིར་བཟུང་ལས་དོན་སྤེལ་བར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། (འཕྲིན་ཡིག་ཆ་ཚང་ཟུར་དུ་བཀོད་ཡོད)
ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་འཕྲིན་ཡིག་བརྒྱུད་བསྒྲགས་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་འགོ་ཚུགས་མཛད་སྒོར་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། ཁོང་གིས་རིམ་ཁག་ཁྲིམས་རིག་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ། སྒྲིག་ཁྲིམས་སྤྱོད་ཚུལ་ནན་དུ་གཏོང་བ། བློ་ཐག་ཆོད་པོས་སྒྱུར་བཅོས་ཡར་རྒྱས་ཡོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཆུ་ཚད་སྔར་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་དང་། ཁོང་གིས་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་དང་། ཁྲིམས་སྐྱོང་གི་གདེང་ཚོད་བརྟན་དུ་གཏོང་བ། རང་འགུལ་ངང་སྤྱི་ཡོངས་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་རིག་པའི་ཞིབ་འཇུག་གཏིང་ཟབ་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཁྲིམས་སྲུང་བཅས་ཀྱི་ལས་དོན་ཏན་ཏིག་ལ་དམིགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་སྐབས་བརྒྱད་པའི་ཚོགས་གཙོ་ཝང་ཁྲེན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ལས་དོན་སྙན་ཞུ་བྱས་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་ཁྲིམས་རིག་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན་དང་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་ཡོངས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།