འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་10ཉིན།

༄༅།།ཐེ་ལན་གྱིས་ཛ་དྲག་གི་བཀའ་ཁྲིམས་འདི་བསྒྲཊ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་10ཉིན། 14:23】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་7ཉིན་ཐེ་ལན་《མི་རིགས་ཚགས་པར་》ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཐེ་ལན་གྱི་གྲངས་འཛིན་དཔལ་འབྱོར་དང་སྤྱི་ཚོགས་པུའུ་ཡིས་ཛ་དྲག་གི་བཀའ་ཁྲིམས་ཤིག་ཁྱབ་བསྒྲགས་བྱས་ནས། ཉིན་བཞིན་སྨྱོ་ཧམ་ཆེ་རུ་འགྲོ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་རྒྱུ་མ་ཟད། དངུལ་རྩའི་སྒྲིག་གཞི་དང་སྤོ་སྒུལ་འཕྲིན་གཏོང་གཉེར་སྐྱོང་ཚོང་པས་སྤྱོད་མཁན་གྱི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འགན་ལེན་བྱ་ཆེད། འགན་འཁྲི་འཁུར་མཁན་ཕྱོགས་ཀྱིས་གནོད་འཚེ་ཕོག་མཁན་ལ་གྱོང་གུན་སྐྱིན་ཚབ་སྤྲོད་དགོས།

གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་7ཉིན་ཐེ་ལན་གྱི་ཙུང་ལི་གཞོན་པ་དང་གྲངས་འཛིན་དཔལ་འབྱོར་དང་སྤྱི་ཚོགས་པུའི་པུའུ་ཀྲང་གཅིག་ལྕོགས་པཱ་སེ་ཡིས་ཛ་དྲག་གི་བཀའ་ཁྲིམས་དེ་ཟླ་འདིའི་ནང་ནུས་པ་ཐོན་རྒྱུ་རེད་ཅེས་བཤད།

ཁོང་གིས“འདི་ནི་ཛ་དྲག་གི་བྱ་བ་ཞིག་ཡིན་ཞིང་། དམངས་ལ་ཕན་ཐོགས་རྒྱུ་ཡིན་པ་”ནན་བཤད་གནང་བ་རེད།

པཱ་སེ་ཡིས་དངུལ་རྩའི་སྒྲིག་གཞིས་སྤྱོད་མཁན་ལ་ཐོ་ཁོངས་མ་བཙུགས་གོང་དེའི་རྒྱབ་ལྗོངས་ཆ་འཕྲིན་ལ་ཞིབ་བཤེར་གང་ལེགས་བྱས་ནས། ཕ་རོལ་བ་དེ་ཁ་བསླུས་ཚོགས་པ་ཞིག་ཡིན་པར་སྔོན་འགོག་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

པཱ་སེ་ཡིས། སྤོ་སྒུལ་འཕྲིན་གཏོང་གཉེར་སྐྱོང་ཚོང་པས་སྤྱོད་མཁན་གྱིས་བསྡུ་ལེན་བྱས་པའི་འཕྲིན་ཐུང་གདམ་གསེས་བྱས་ནས། མགོ་སྐོར་ཁ་བསླུས་ཀྱི་སྦྲེལ་ཐག་ཡོད་སྲིད་པའི་འཕྲིན་ཐུང་དབྱེ་འབྱེད་བྱེད་དགོས་ཞེས་ཁ་གསབ་བྱས་པ་རེད།