འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་9ཉིན།

༄༅།།ལག་ཁྱེར་ཁ་པར་སོཊ་ཉོས་ན་ཁ་གསབ་སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་09ཉིན། 14:50】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་8ཉིན་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་ནོར་སྲིད་པུའུ་ཡིས་2025ལོར་གཞི་ཁྱོན་ཆེ་བའི་སྒྲིག་ཆས་སྔར་ལས་གསར་བསྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཡི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་དེའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

ལག་ཁྱེར་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཉོ་སྒྲུབ་བྱེད་པའི་ཁ་གསབ་གསར་པ་ལག་བསྟར་བྱ་དགོས། མི་སྒེར་གྱི་འཛད་སྤྱོད་པས་ལག་ཁྱེར་ཁ་པར་དང་། གློག་ཀླད་ངོས་ལེབ། རིག་ནུས་ལག་འདོགས་ཆུ་ཚོད་བཅས་གྲངས་འཛིན་ཐོན་རྫས་རིགས་གསུམ་ཉོ་སྐབས། (ཐོན་རྫས་ཀྱི་ཕྱིར་ཚོང་རིན་གོང་སྒོར་6000མན་ཡིན་པ)ཐོན་རྫས་ཀྱི་ཕྱིར་ཚོང་རིན་གོང་གི་15%ལྟར་ཁ་གསབ་སྤྲོད་རྒྱུ་དང་། འཛད་སྤྱོད་པ་མི་རེར་ཐོན་རྫས་རིགས་གཅིག་ཁ་གསབ་གཅིག་བྱེད་ཆོག་པ་དང་། ཁ་གསབ་སྒོར་500ལས་བརྒལ་མི་ཆོག