གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་06ཉིན། 14:01】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་1ཚེས་6ཉིན། རང་བྱུང་ཐོན་ཁུངས་པུའུ་ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་མཚོ་བོད་ས་མཐོའི་གཏེར་འཚོལ་ལ་ཚད་བརྒལ་ཆེན་པོ་ཐོབ་ནས། ཟངས་གཏེར་གྱི་ཐོན་ཁུངས་གསར་དུ་རྙེད་པའི་ཚད་ཏུན་ཁྲི་2000ལྷག་ཙམ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ས་མཐོར་ཏུན་ཁྲི་སྟོང་རིམ་པའི་ཟངས་གཏེར་ཐོན་ཁུངས་རྟེན་གཞི་བཞི་ཆགས་པ་དང་། སྔོན་དཔག་བྱས་ན་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་ཏུན་དུང་ཕྱུར་1.5ཟིན་པས། མཚོ་བོད་ས་མཐོ་འཛམ་གླིང་རིམ་པའི་ཟངས་གཏེར་ཐོན་ཁུངས་རྟེན་གཞིར་འགྱུར་རེ་ཡོད་པ་རེད།