གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་06ཉིན། 13:55】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་ནན་ཞིང་ཆེན་ཨུ་ལྷན་གྱི་དེ་སྔའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་ལི་ཧྲི་སུང་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་། ལྐོག་རྔན་བླངས་པའི་བྱས་ཉེས་ཀྱི་དོགས་པ་ཡོད་པའི་ཐོག་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལི་ཧྲི་སུང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད།