འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་6ཉིན།

༄༅།།ཁོང་ཉིད་མཚོ་སྔོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པར་བདམས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་06ཉིན། 13:55】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་1ཚེས་4ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་དུ་འཚོགས་པ་རེད། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ལི་མིང་དང་། དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ལིའུ་ཀང་། ཝང་ཅིན་ཀྲའེ་དང་དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཁྱོན་མི་56ཚོགས་འདུར་ཞུགས་ཡོད་པས། དེ་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད། ཚོགས་འདུའི་ཐོག་ཀྲང་ཅིན་ཀང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་གྱི་འགོ་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།