འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་6ཉིན།

༄༅།།ཨུ་རུ་སུས་ཡུག་རེན་ལ་རྒོལ་ལན་བསློག་རྒྱུ་ཟེར། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་06ཉིན། 13:21】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་4ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས། ཡུག་རེན་དམག་དཔུང་གིས་ཨ་རིའི་སྐམ་དམག་འཐབ་རྩལ་འཕུར་མདེལ་མ་ལག་(ATACMS)སྤྱད་དེ་པེར་ཀོ་ལུའོ་ཏེ་ཁུལ་ལ་འཇབ་རྒོལ་བྱས་པར་ཨུ་རུ་སུས་ འཁོན་ལན་སློག་རྒྱུ་ཡིན་ཞེས་བཤད་པ་རེད།

ཨུ་རུ་སུའི་རྒྱལ་སྲུང་པུས་གཞུང་ཕྱོགས་དྲ་ཐོག་ཏུ་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས། ཟླ་1ཚེས་3ཉིན། ཡུག་རེན་གྱིས་ATACMSའཕུར་མདེལ་སྤྱད་དེ་པེར་ཀོ་ལུའོ་ཏེ་ཁུལ་ལ་འཇབ་རྒོལ་བྱས་པ་དང་། ཨུ་རུ་སུའི་དམག་དཔུང་གི་S-400མཁའ་ཟོན་འཕུར་མདེལ་མ་ལག་དང་། “ཁྲབ་རྨོག་-SM”མཁའ་ཟོན་མ་ལག་གིས་འཇབ་རྒོལ་བྱེད་པའི་འཕུར་མདེལ་ཚང་མ་གཏོར་ཡོད། ཡུག་རེན་གྱིས་ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་སྤེལ་བའི་བྱ་སྤྱོད་ཚང་མར་ཨུ་རུ་སུས་འཁོན་ལན་བསློག་རྒྱུ་ཡིན་ཞེས་བཤད་པ་རེད།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་དེ་གོང་ཁྱབ་བསྒྲགས་བྱས་པའི་གནས་འཕྲིན་ལ་གཞིགས་ན། ཟླ་1ཚེས་3ཉིན། ཨུ་རུ་སུའི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་ཨ་རིའི་ATACMSའཕུར་མདེལ་8གཏོར་པ་རེད།