འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་6ཉིན།

༄༅།།《ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》སློབ་སྦྱོང་ལག་བསྟར་
བྱེད་པའི་བཞུཌ་མོལ་ཚོགས་འདུ་པེ་ཅིང་དུ་འཚོཌ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་06ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟླ་1ཚེས་2ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཧོ་ལི་ཧྥུང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། བརྒྱུད་རིམ་ལྡན་ལ་ཆ་ཚང་བ། གཏན་ཚིགས་ཚགས་དམ་པ། རྒྱ་ཆེ་ཞིང་གཏིང་ཟབ་པ་བཅས་ཡོད་པས། དུས་རབས་གསར་པའི་རང་བྱུང་ཐོན་ཁུངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཤིང་། དེའི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཏང་གིས་རང་བྱུང་ཐོན་ཁུངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་ནི་རང་བྱུང་ཐོན་ཁུངས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་རེད།

    ཧོ་ལི་ཧྥུང་གིས《རྣམ་བཤད་གནད་བསྡུས》སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་རང་བྱུང་ཐོན་ཁུངས་མ་ལག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དེའི་སྙིང་བཅུད་དང་དོན་སྙིང་ཆ་ཚང་བ་དང། གནད་ལ་འཁེལ་བ། ཕྱོཌ་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་ལག་བསྟར་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་ཕན་འབྲས་དངོས་ལ་ཏན་ཏིག་འགྱུར་བར་བྱས་ནས་རང་བྱུང་ཐོན་ཁུངས་ལས་དོན་གྱི་བཀོད་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།