འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་5ཉིན།

༄༅།།ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཁཱ་ཝེ་ལ་ཧྲི་ཝེ་ལིས་འཇོར་ཇི་ཡའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་05ཉིན། 11:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་སྨི་ཧྭ་དབྱིར·ཁཱ་ཝེ་ལ་ཧྲི་ཝེ་ལིས་འཇོར་ཇི་ཡའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས། མིག་སྔའི་ཀྲུང་འཇོར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་བརྟན་དུ་བཏང་བས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། ངས་ཀྲུང་འཇོར་འབྲེལ་བ་གོང་འཕེལ་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་ལྷན་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་དང་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་སྟེ། ཀྲུང་འཇོར་འབྲེལ་བ་དེ་བས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།