འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་4ཉིན།

༄༅།།མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིང་གིས། རྩིས་བཤེར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་སེལ་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་03ཉིན། 14:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར“མཚོ་སྔོན་ཤེས་ཚོར་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”བཅས་ཀྱི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་10པ་བར། 2023ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གི་རྩིས་བཤེར་ལས་དོན་གྱི་སྙན་སྒྲོན་གཞན་དག་ནང་བཏོན་པའི་ཕྱོགས་6གི་གནད་དོན་རིགས་78ནང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས་རིགས་ཀྱི་གནད་དོན་ཁྲོད་ཀྱི་93%དག་ཐེར་བྱས་ཟིན་པ་དང་། དུས་མཚམས་ཕྱེ་ནས་དག་ཐེར་བྱེད་དགོས་པའི་རིགས་ཀྱི་གནད་དོན་སྤྱིར་ན་འཕེལ་རིམ་བདེ་བླག་བྱུང་བ། རྒྱུན་མཐུད་དག་ཐེར་བྱེད་དགོས་པའི་རིགས་ཀྱི་གནད་དོན་ལ་བྱ་ཐབས་དང་འཆར་གཞི་བཟོས་ཡོད། དག་ཐེར་བྱས་པ་བརྒྱུད་འབྲེལ་ཡོད་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱི་ལམ་ལུགས་ཁག་23འཐུས་སྒོ་ཚང་དུ་ཕྱིན་པ་དང་། དག་ཐེར་བྱས་པའི་གནད་དོན་གྱི་དངུལ་འབོར་སྒོར་དུང་ཕྱུར་26.27ཟིན་པའི་ནང་སྒོར་དུང་ཕྱུར་12.7ནོར་སྲིད་ལ་གོང་འབུལ་ཞུས་པ་དང་། སྒོར་ཁྲི་1640.41འདེད་འཇལ་དང་ཕྱིར་སློག་བྱས་པ། སྒོར་ཁྲི་1998.6སྤྱི་འདོམས་ཕན་སྒྱུར་བྱས་པ། སྒོར་དུང་ཕྱུར་3.96དམིགས་སར་འབྱོར་བའམ་སྤྲོད་པར་སྐུལ་འདེད་བཏང་ཡོད།

དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་ནི་རྩིས་བཤེར་ལས་ཁུངས་ཀྱིས་རྒྱུན་སྲིང་ལག་བསྟར་བྱེད་པའི་ནང་དོན་གཙོ་བོ་ཞིག་རེད། ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་པའི་མཚོ་སྔོན་གེགས་ཁུལ་དུ་ཡོམ་འགོག་གེགས་སེལ་དངུལ་དང་དངོས་ཟོག་དོ་དམ་ཐད་ཁ་ཕྱོགས་གཏན་འཁེལ་གྱི་ཞལ་འདེབས་མ་དངུལ་གཏོང་སྤྲོད་ཀྱི་འཕེལ་རིམ་མགྱོགས་སུ་བཏང་ནས་གེགས་སེལ་དངོས་ཟོག་དོ་དམ་སོགས་ཀྱི་ལམ་ལུགས་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཀྱི་ཆེད་དོན་མ་དངུལ་ཐད་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་བཏང་ནས་མ་དངུལ་དང་དངོས་ཟོག་སྤྲོད་རྒྱུ་ཚད་ལྡན་དུ་བཏང་བ། གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་དང་མ་དངུལ་ཐད་ཁ་གསབ་སྤྲོད་པ་དང་། སྲིད་ཇུས་དོན་འཁྱོལ་བྱེད་པ། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་དོ་དམ་ལ་ཤུགས་སྣོན་རྒྱག་པ། དུད་ཚང་ལ་ཐོན་ལས་མ་དངུལ་སྤྲོད་པའི་ཁེ་སྤོགས་ཐག་གཅོད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་གནད་དོན་དག་ཐེར་ལ་སྐུལ་འདེད་བཏང་བ། ལས་ཞུགས་ཁ་གསབ་རོགས་དངུལ་དང་ལས་ཤོར་འགན་བཅོལ་ཐེབས་རྩའི་དོ་དམ་བེད་སྤྱོད་དང་དེ་བཞིན་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཐད་ལས་གཏོད་ཁག་ཐེག་དངུལ་བུན་གྱི་ཁག་ཐེག་ཐེབས་རྩའི་ལས་སྒོ་སླར་གསོ་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་རང་མིང་ཐོ་འགོད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སློབ་ཐོན་སློབ་མའི་ལས་ཞུགས་བྱ་ཡུལ་གྲངས་གཞིའི་མཛོད་ཀྱི་ཆ་འཕྲིན་གསར་བརྗེས་བྱས་ཡོད། རྩིས་བཤེར་ནང་དམངས་འཚོའི་མ་དངུལ་བགོ་བཤའ་དང་བེད་སྤྱོད་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་བཏང་བའི་མངོན་གསལ་དོད་པའི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། དམངས་ཕན་དང་དམངས་ཕྱུག་སྲིད་ཇུས་དོན་འཁྱོལ་བྱེད་རིང་གི་ལམ་ལུགས་ཀྱི་ཆད་སྐྱོན་དང་། ལམ་སྲོལ་གྱི་འགོག་རྐྱེན། དོ་དམ་གྱི་སྟོང་ཆ་བཅས་འཕྲལ་དུ་གོང་ཞུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད་པ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། ཚེ་སྒྲོལ་དང་བསྟན་བཟང་གིས་ཞུས)