གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་03ཉིན། 14:15】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཧང་ག་རིའི་ལུས་རྩལ་པ་ངོ་མཚར་ཅན་དང་། ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལྔ་ཐོབ་མཁན་དགུང་ལོ་103ལ་སླེབས་པའི་ཁའེ་ལའེ་ཏི·ཨ་ཀེ་ནའེ་ཧྲི་ཚེས་2ཉིན་པུའུ་ཏ་ཕེ་སིར་སྐུ་གཤེགས་པ་རེད།
ཁའེ་ལའེ་ཏི·ཨ་ཀེ་ནའེ་ཧྲི་ནི་1921ལོའི་ཟླ་1ཚེས་9ཉིན་སྐྱེས་པ་དང་། འཛམ་གླིང་ཐོག་ཚེ་ཐག་རིང་ཤོས་ཀྱི་ཨོ་རྩལ་འགྲན་ཚོགས་ཨང་དང་པོ་ཐོབ་མཁན་རེད། 1952ལོར། ཁའེ་ལའེ་ཏིས་ཧེར་ཞིན་ཅི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་དང་པོ་ཐོབ། དེ་རྗེས་མོ་རང་ལོ་35ཐོག་སྟེ་1956ལོར་མོར་པིན་ཨོ་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མ་བཞི་བླངས། ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་ལ་ཞུགས་ཤིང་མོ་རང་ལ་གསེར་གྱི་རྟགས་མ་ལྔ་ཐོབ་པ་མ་ཟད། ད་དུང་དངུལ་གྱི་རྟགས་མ་གསུམ་དང་ཟངས་ཀྱི་རྟགས་མ་གཉིས་ཀྱང་ཐོབ་པ་རེད།