འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་31ཉིན།

༄༅།།ནུས་ཁུངས་གསར་པའི་རླངས་འཁོར་ཉོ་སྒྲུབ་ཐད་ཆ་རྐྱེན་འདི་བཏོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་31ཉིན། 13:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་30ཉིན་ནོར་སྲིད་པུས་ཕྱི་ཕྱོགས་ལ་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ། སྔོན་རྩིས་གཙོ་གཉེར་ཚན་པས་རང་སྡེ་ཁག་གི(ཁོངས་གཏོགས་སྔོན་རྩིས་སྡེ་ཚན་འདུས)ལོ་འཁོར་གྱི་ནུས་ཁུངས་གསར་པའི་རླངས་འཁོར་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་བསྡུར་ཚད་གཅིག་གྱུར་གྱིས་གཏན་འཁེལ་བྱ་དགོས། ནུས་ཁུངས་གསར་པའི་རླངས་འཁོར་གྱིས་དོན་དངོས་ཀྱི་བེད་སྤྱོད་དགོས་མཁོ་སྐོང་ཐུབ་ཚེ། ལོ་འཁོར་གྱི་གཞུང་དོན་རླངས་འཁོར་ཉོ་སྒྲུབ་བསྡོམས་འབོར་ནང་ནུས་ཁུངས་གསར་པའི་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་རྩ་དོན་ཐོག་30%ལས་དམའ་མི་རུང་ཞེས་འཁོད་ཡོད་པ་རེད།

དེའི་ནང་ལམ་ཐིག་བལྟོས་བཅས་ཀྱིས་གཏན་འཇགས་དང་། བེད་སྤྱོད་རྣམ་པ་རྐྱང་པ་ཡིན་པ། གཙོ་བོ་གྲོང་ཁུལ་དུ་སྐྱོད་པའི་གསང་གནད་འཕྲིན་གཏོང་སོགས་གཞུང་དོན་རླངས་འཁོར་ལ་རྩ་དོན་ཐོག་ནུས་ཁུངས་གསར་པའི་རླངས་འཁོར་100%ཉོ་སྒྲུབ་བྱ་དགོས། རླངས་འཁོར་བོགས་གཏོང་ཞབས་ཞུ་ཉོ་སྒྲུབ་བྱེད་ན། སྔོན་ལ་ནུས་ཁུངས་གསར་པའི་རླངས་འཁོར་བོགས་གཏོང་བེད་སྤྱོད་བྱ་དགོས།   

བརྡ་ཐོ་ལྟར་ན། ཉོ་སྒྲུབ་བྱེད་མཁན་གྱིས་གཞུང་དོན་རླངས་འཁོར་སྲིད་གཞུང་གི་ཉོ་སྒྲུབ་དགོས་མཁོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཁུངས་གསར་པའི་རླངས་འཁོར་གྱི་བྱེད་ནུས་དང་ནུས་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གང་ལེགས་བྱས་ཏེ། དོན་དངོས་ཀྱི་བེད་སྤྱོད་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སྣེ་ཁྲིད་དེ་ནུས་ཁུངས་གསར་པའི་རླངས་འཁོར་སྤྱོད་དགོས།