འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་31ཉིན།

༄༅།།འདི་ལོ་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་ལ་འཛམ་གླིང་གི་ཨང་དང་པོ་ཐོབ་པའི་གྲངས་འབོར་ལོ་རྒྱུས་ཐོག་གི་མང་ཤོས་ཡིན་པ།

འཛམ་གླིང་གི་ཨང་དང་པོ་194ཐོབ་པ་དང་། འཛམ་གླིང་གི་ཟིན་ཐོ་19བཏོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་31ཉིན། 11:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རྩལ་འགྲན་ལུས་རྩལ་སི་ནས་ཤེས་རྟོགས་བྱུང་བར། 2024ལོར་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཁྱོན་རྣམ་གྲངས་ཁག་33ལ་འཛམ་གླིང་གི་ཨང་དང་པོ་194ཐོབ་ནས་གྲངས་འབོར་ལོ་རྒྱུས་ཐོག་གི་མང་ཤོས་ཡིན་པ་དང་འབྲེལ། འཛམ་གླིང་གི་ཟིན་ཐོ་ཁག་19བཏོད་ཡོད་པ་རེད།