འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་30ཉིན།

༄༅།།དཔྱིད་གསར་དུས་ཆེན་གྱི་ཡན་ལག་ཚོགས་རར་ལྷ་ས་ཚུད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་30ཉིན། 13:47】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གོང་ཚེས་ཉིན་(ཚེས་24ཉིན་)ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ཁང་གི་《2025ལོའི་དཔྱིད་གསར་དུས་ཆེན་མཉམ་འཛོམས་དགོང་ཚོགས་》ཁྲུང་ཆིང་དང་། ཧུའུ་པེའི་ཝུའུ་ཧན། བོད་ལྗོངས་ལྷ་ས། ཅང་སུའུ་ཝུའུ་ཞི་བཅས་ས་གནས་བཞིའི་ཡན་ལག་ཚོགས་ར་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

    དཔྱིད་གསར་དུས་ཆེན་གྱི་འཛམ་གླིང་ཤུལ་བཞག་གི་ཞུ་བ་ལམ་ལྷོང་བྱུང་བའི་རྗེས་སུ་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་སྐབས་དང་པོ་ཡིན་པའི་ངོས་ནས། མུ་མཐུད་“སྒོ་ཕྱེ་དཔྱིད་གསར་དུས་ཆེན་གཉེར།” དགའ་སྐྱིད་ལྡན་པའི་བཀྲ་ཤིས་དུས་བཟང་བསུ། སྤྲོ་བ་རྒྱས་པའི་“དམངས་ཀྱི་ལོ་གསར་རོལ་”བ་བཅས་རྒྱུན་འཁྱོངས་བྱ་རྒྱུ་དང་། ལོ་གསར་གྱི་དགོང་མོར་ས་གནས་བཞིའི་ཡན་ལག་ཚོགས་རས་པེ་ཅིང་གི་ཚོགས་ར་གཙོ་བོ་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་མང་ཚོགས་ལ་བརྩེ་དུང་ཟབ་མོ་དང་སྤྲོ་སྣང་གིས་ཁེངས་པའི་“རིག་གནས་ལོ་གསར་དགོང་ཚོགས་”ཤིག་འབུལ་རྒྱུ་རེད།