འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་30ཉིན།

༄༅།།ཁ་ལོ་པའི་ལག་ཁྱེར་ཐད་སྒྲིག་སྲིལ་གསར་པ་འདི་བཏོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་30ཉིན། 13:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

གསར་འགོད་པས་ཟླ་12ཚེས་27ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་སྤྱི་བདེ་པུའུ་ཡིས་གསར་དུ་བཟོ་བཅོས་བརྒྱབ་པའི《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་ཏེ། འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་པའི་ལོ་ཚད་ལོ་60ནས་ལོ་63བར་ཇེ་རིང་ཏུ་གཏོང་རྒྱུ་དང་། འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་རླངས་འཁོར་བསྐོར་ཆོག་པའི་རིགས་ཀྱི་ལོའི་ཚད་བཀག་ནི་ལོ་60ནས་ལོ་63བར་རིང་ཏུ་གཏོང་རྒྱུ་རེད། བཟོ་བཅོས་བརྒྱབ་རྗེས་ཀྱི《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་སྐོར་གྱི་གཏན་འབེབས》དེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།

ད་ཐེངས་ཀྱི་བཟོ་བཅོས་ནང་ད་དུང་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བ་རྣམས་ཀྱིས་རླངས་འཁོར་བསྐོར་བའི་དུས་ཚོད་རིང་དུ་གཏོང་རྒྱུའི་རེ་འདུན་ཞུ་བའི་གཏན་འབེབས་ཁ་གསལ་བཟོས་ཡོད་པ་སྟེ། ལོ་ན་63ཡན་གྱི་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་མུ་མཐུད་བསྐོར་དགོས་པའི་ཁ་ལོ་བ་རྣམས་ལ་ལུས་བཤེར་ཚད་ལྡན་དང་ཡིད་འཛིན་ནུས་པ་དང་བརྡར་ཤ་གཅོད་པའི་ནུས་པ། ཚུར་སྣང་ནུས་པ་སོགས་ཀྱི་ནུས་པའི་ཚད་ལེན་ཚོད་ལྟ་བྱས་རྗེས། རླངས་འཁོར་དོ་དམ་སུའོ་ལ་དེ་སྔའི་རླངས་འཁོར་གཏོང་ཆོག་པའི་རིགས་ཀྱི་ཁ་ལོ་པའི་ཐོབ་ཐང་གི་དུས་ཡུན་རིང་དུ་གཏོང་རྒྱུའི་རེ་འདུན་ཞུས་ཆོག་པ་དང་། དུས་ཡུན་རིང་ཤོས་ལོ་3ལས་བརྒལ་མི་ཆོག