འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་30ཉིན།

༄༅།།འགོ་ཁྲིད་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་30ཉིན། 13:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཟུར་པ་དབྱང་ཙི་ཞིན་ལ་ལྐོག་རྔན་བླངས་པ་དང་དབང་ཤུགས་ལ་བརྟེན་ནས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་དོན་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ལྐོག་རྔན་བླངས་པའི་བྱས་ཉེས་དང་དབང་ཤུགས་ལ་བརྟེན་ནས་ལྐོག་རྔན་བླངས་པའི་བྱས་ཉེས་ཀྱི་དོགས་པ་ཡོད་པའི་ཐོག་ནས། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དབྱང་ཙི་ཞིན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད།