འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་25ཉིན།

༄༅།།སི་རི་ཡས་འདི་དག་ཚང་མ་མེད་པར་བཟོ་རྒྱུའི་ཐད་གྲོས་མཐུན་བཞག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་25ཉིན། 15:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་24ཉིན་སི་རི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། “སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་དཔུང་”གི་འགོ་ཁྲིད་པ་ཨའེ་ཧ་མའེ་ཏེ་·ཧྲ་ལ་ཡིས་སི་རི་ཡའི་དྲག་དཔུང་ཕྱོགས་ཁག་གཞན་དག་གི་འགོ་ཁྲིད་པ་དང་དྲག་དཔུང་ཕྱོགས་ཁག་ཚང་མ་མེད་པར་བཟོ་བ་མ་ཟད། རྒྱལ་སྲུང་པུའུ་གསར་པའི་མངའ་འོག་ནང་འཇུག་རྒྱུའི་ཐད་གྲོས་མཐུན་བཞག་ཡོད་པ་རེད།

འོན་ཀྱང་གནས་འཕྲིན་ནང་དེའི་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་བཀོད་མེད། ཟླ་འདིའི་ཚེས་17ཉིན། “སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་དཔུང་”གི་དམག་དོན་འགོ་གཙོ་ཨ་པུའུ་·ཧ་སང་·ཧ་མ་ཝེ་ཡིས་རྩ་འཛུགས་དེས་སྔོན་ལ་དེའི་དྲག་དཔུང་མེད་པར་བཟོ་བ་མ་ཟད། སི་རི་ཡའི་དྲག་དཔུང་གི་དཔུང་སྡེའི་ནང་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

ཟླ་འདིའི་ཚེས་8ཉིན།“སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་དཔུང་”གིས། “ཏ་མ་ཧྲི་ཀི་བཅིངས་འགྲོལ་གཏོང་བ་དང་འབྲེལ་པ་ཧྲར་·ཨ་ས་ཏེ་སྲིད་དབང་མགོ་རྟིང་བསློགས་པ་”ཁྱབ་བསྒྲགས་བྱས་པ་རེད། ཉེ་ཆར། ཧྲ་ལས་གནས་ཡུལ་མང་པོ་ཞིག་ཏུ་མཚོན་ཆ་གང་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་ཚོད་འཛིན་མེད་མི་རུང་བ་དང་། ངེས་པར་དུ་དྲག་དཔུང་ཕྱོགས་ཁག་ཚང་མ་མེད་པར་བཟོས་ནས་རྒྱལ་སྲུང་པུའུ་གསར་པའི་འགོ་ཁྲིད་འོག་དམག་དཔུང་གཅིག་གྱུར་བྱེད་དགོས་ཞེས་བཤད་པ་རེད།