གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་25ཉིན། 14:36】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་12ཚེས་23ཉིན། གསར་འགོད་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁོག་ལ་ཤང་དུ་གོ་ལ་ཧྲིལ་པོའི་ཆུ་འོད་གསབ་རེས་གློག་ཁང་ཆེ་ཤོས་དང་ཉག་ཆུའི་ཆུ་གློག་ཁང་གི་ཆུ་འོད་གསབ་རེས་ཀྱི་དུས་རིམ་དང་པོའི་རྣམ་གྲངས་ཏེ་ཁོག་ལ་འོད་ཤུགས་གློག་ཁང་ལ་ལྟ་བར་ཕྱིན། གློག་ཁང་དེའི་འཕྲུལ་འཁོར་སྒྲིག་སྦྱོར་གཞི་ཁྱོན་སྟོང་ཝ་ཁྲི་100ཟིན་པ་དང་། ལོ་མང་རིང་ཆ་སྙོམས་བེད་སྤྱོད་ཆུ་ཚོད་1735དང་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཏུའུ་དུང་ཕྱུར་20ཟིན་པས། 2023ལོར་ཤོང་ཚད་ཡོངས་དྲ་སྦྲེལ་གློག་འདོན་བྱས་ཡོད་པ་རེད།
གློག་ཁང་བསྐྲུན་ཚར་རྗེས། ལོ་ལྟར་ཐོན་པའི་གློག་ཚད་ཀྱིས་ཚད་ལྡན་རྡོ་སོལ་ཏུན་ཁྲི་60ལྷག་ཙམ་གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་160ལྷག་ཙམ་ཉུང་དུ་གཏོང་ཐུབ་པས།“ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར”གྱི་དམིགས་ཚད་མངོན་འགྱུར་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གྲུབ་ཚུལ་ལེགས་སྒྱུར། ལྗང་མདོག་ཐཱན་ཉུང་དང་བདེ་འཇགས་ནུས་ཆེའི་དེང་རབས་ནུས་ཁུངས་མ་ལག་འཛུགས་པ་བཅས་ལ་རོགས་རམ་བྱེད་པར་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་ཡོད།