འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་24ཉིན།

༄༅།།རྔ་པ་ཀྲོའུ་འབར་ཁམས་གྲོང་ཁྱེར་གྱིས་ཐབས་མང་མཉམ་དུ་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་ལས་དོན་ཏན་ཏིག་བསྒྲུབས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་24ཉིན། 10:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྔ་པ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་རྔ་པ་ཀྲོའུ་ཡི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི“བཅའ་ཁྲིམས་དོན་ཚན་བདུན”དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་ཆེད། ད་ལོར། འབར་ཁམས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་གྲོང་ཁྱེར་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས“བཅའ་ཁྲིམས་ཉེ་འགྲམ་དུ་ཡོད་པའི”མེ་སྐྱོན་སྔོན་འགོག་ལས་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། “འགན་འཁྲི་རང་ལ་ཡོད་པའི”མེ་སྐྱོན་སྔོན་འགོག་གི་ལས་ཀའི་འགན་འཁྲི་གཙོ་བོ་ནན་དུ་གཏོང་བ། “མིག་སྔར་དོ་དམ”གྱི་མེ་སྐྱོན་སྔོན་འགོག་ལས་དོན་གྱི་བྱ་ཐབས་དོན་འཁྱོལ་བཅས་བྱས་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་མེ་སྐྱོན་སྔོན་འགོག་སྐོར་དྲིལ་བསྒྲགས་བྱས་ཏེ། དམངས་ཡོངས་ཀྱིས་མེ་སྐྱོན་སྔོན་འགོག་རྣམ་པ་བཟང་པོ་ཞིག་རྒྱུན་ཆད་མེད་པར་བཏོད་ཡོད།

    འབར་ཁམས་གྲོང་ཁྱེར་གྱིས་མེ་སྐྱོན་སྔོན་འགོག་གཞུང་ལས་ཁང་དང་ནགས་ཚལ་དང་རྩྭ་ཐང་ལས་དོན་ས་ཚིགས་ཚན་པར་བྱས་ཏེ། ནགས་ལས་དང་རྩྭ་ཐང་གི་ལས་དོན་པ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་ནགས་ཁུལ་གྱི་ཁེ་ལས་དང་། ཤང(གྲོང་རྡལ) གྲོང་ཚོ་བཅས་སུ་བསྐྱོད་དེ་རྔ་པ་ཀྲོའུ་ཡི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི“བཅའ་ཁྲིམས་དོན་ཚན་བདུན”དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་ཞིང་། དེའི་རིང་དྲིལ་བསྒྲགས་དཔྱད་ཡིག་50000ལྷག་ཙམ་སྤྲད་པ་དང་། དྲིལ་བསྒྲགས་བརྙན་ཐུང་1བཟོས་པ། དྲིལ་བསྒྲགས་བརྡ་ཁྱབ་500ལྷག་ཙམ་སྦྱར་བ་བཅས་བྱས་ནས། “བཅའ་ཁྲིམས་ཉེ་འགྲམ་དུ་ཡོད་པའི”ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་སྔོན་འགོག་བྱེད་པའི་ནགས་ཁུལ་ཁེ་ལས་ཀྱི་ལས་མི་དང་། མང་ཚོགས། སློབ་མ་བཅས་ཀྱི་བསམ་བློའི་གོང་བུ་ཟམ་མི་ཆད་པར་གཅིག་ཏུ་བསྒྲིལ་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་འདུ་ཤེས་ཟབ་ཏུ་ཏན་ཏིག་ཕྱིན་པ་མ་ཟད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་བདེ་འཇགས་འཛིང་རགས་བརྟན་དུ་བཏང་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ནགས་ཁུལ་གྱི་ཁེ་ལས་དང་། ཤང་། གྲོང་རྡལ་བཅས་ཁག་ལ་འགན་འཁྲི་ནན་དུ་བཏང་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་བྱ་ཐབས་དོན་འཁྱོལ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། རང་རྟོགས་ངང་ནགས་ཚལ་གྱི་མེ་སྐྱོན་དང་མེའི་ཉེན་ཁ་ལས་གཡོལ་བ། “འགན་འཁྲི་རང་ལ་ཡོད་པའི”མེ་སྐྱོན་སྔོན་འགོག་གི་བྱེད་པོའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་ལས་ཀའི་འགན་འཁྲི་གཙོ་བོ་ནན་དུ་བཏང་ནས་ནགས་ཁུལ་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་ཁོངས་མིའི་ཚན་པ་ཁག་དང་། ནགས་ཁུལ་གྱི་ཁེ་ལས་ཁག ཤང་དང་གྲོང་རྡལ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་རྒྱུ་གཙོ་གནད་ཀྱི་གནས་བབ་ཐོག་བཞག་ནས། “མིག་སྔར་དོ་དམ་བྱ་རྒྱུ”གཙོ་བོར་བཟུང་སྟེ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་སོགས་ཀྱི་གདུབ་ཟུམ་གྱི་དོ་དམ་བྱ་ཐབས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ། སྒྲིག་ཁྲིམས་ལས་འགལ་ནས་ཕྱི་རོལ་དུ་མེ་གཏོང་བར་ཞིབ་བཤེར་ཐག་གཅོད་ཀྱི་ལས་དོན་དོན་འཁྱོལ་ནན་པོ་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མངོན་མེད་རྐྱེན་ངན་400ལྷག་ཙམ་གྲལ་བཤེར་བྱས་པ་དང་། སྒྲིག་ཁྲིམས་ལས་འགལ་ནས་ཕྱི་རོལ་དུ་མེ་གཏོང་བའི་བྱེད་སྤྱོད་1ལ་ཆད་པ་བཅད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་གྱི་བྱ་ཐབས་100ལྷག་ཙམ་དོན་འཁྱོལ་བྱས་ཡོད།