འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་23ཉིན།

༄༅།།ཨ་རིས་རང་ཉིད་ཀྱི་དམག་གྲུ་ཞིག་གཏོར་བ་རེད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་23ཉིན། 14:12】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཨ་རིའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས་21ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་དོན། ཨ་རིའི་དམག་དཔུང་F/A-18འཐབ་འཛིང་གནམ་གྲུ་ཞིག་ཉིན་དེར་མཚོ་དམར་ཐོག་ཨ་རིའི་དམག་དཔུང་གི་མཚོ་སྐོར་དམག་གྲུ་ཞིག་གིས་ནོར་འཁྲུལ་གྱིས་གཏོར་བ་དང་། གནམ་གྲུའི་ནང་གི་མི་2སྲོག་ཉེན་ལས་ཐར་ཡོད།

གསལ་བསྒྲགས་ནང་འཁོད་དོན། གོང་དུ་བརྗོད་པའི་འཐབ་འཛིང་གནམ་གྲུ་དེ་ཨ་རིའི“ཧ་རེའུ·ཏུའུ་ལུའུ་མོན”རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་སྟེང་ནས་འཕུར་བ་དང་། སྐབས་དེར་མཚོ་དམར་གྱི་མཁའ་དབྱིངས་སུ་འཕུར་བཞིན་ཡོད། ཨ་རིའི“ཀོ་ཏི་སི་པའོ”རྟགས་ཅན་གྱི་འཕུར་མདའ་མཚོ་སྐོར་དམག་གྲུ་ཡིས་ནོར་འཁྲུལ་གྱིས་དེར་འཕུར་མདེལ་འཕངས་ནས་ཕོག འཕུར་སྐྱོད་པ་གཉིས་སྐྱོབ་ཐུབ་པ་དང་། དེའི་ནང་གི་མི་གཅིག་ལ་རྨས་ཡང་མོ་ཕོག་འདུག འདི་ནི་ནོར་འཁྲུལ་གྱི་དོན་རྐྱེན་ཞིག་རེད། བརྟག་དཔྱད་ཀྱི་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན།