གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་20ཉིན། 13:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དེ་རིང་(ཚེས་19ཉིན་)རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲས་C919ཡིས་སླར་ཡང་ལམ་ཚད་རྡོ་རིང་གི་དུས་སྐབས་བསུས་པ་དང་། རིམ་པར་རྩིས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་གྲངས་ཁྲི་100ལས་བརྒལ་ཡོད་པ་རེད། དེ་ཉིན་ཧྲང་ཧའེ་ཧུང་ཆའོ་གནམ་ཐང་ནས་ཤིས་ཨན་ཞན་དབྱང་གནམ་ཐང་དུ་འཕུར་མཁན་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་MU2158རྟགས་ཅན་ཐོག་གི་འགྲུལ་པ་བསོད་ནམས་ཅན་པ་ཨ་ཅག་ལིན་ལགས་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲས་C919རྟགས་ཅན་གྱི་འགྲུལ་པ་ཁྲི་100པར་གྱུར་པ་རེད།
ཤར་ཕྱོགས་མཁའ་འགྲུལ་གནམ་གྲུ་ཚོགས་ཆུང་གིས་ལམ་འགྲོ་ཆེ་བའི་འགྲུལ་པ་ཨ་ཅག་ལིན་ལགས་ལ་C919རྟགས་ཅན་གྱི་གནམ་གྲུའི་དཔེ་དབྱིབས་བསྐྱལ་ནས་དྲན་གསོ་ཞུས་པ་དང་། ཨ་ཅག་ལིན་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་འདི་ནི་རང་ཉིད་རང་རྒྱལ་ནས་ཐོན་པའི་གནམ་གྲུར་སྡོད་ཐེངས་ཐོག་མ་ཡིན་པས་བསོད་ནམས་ཆེ་བའི་སྣང་བ་དང་སྤོབས་པ་སྐྱེད་བཞིན་ཡོད་ལུགས་དང་། ཁོ་མོས་ཕྱིས་སུ་ཕྱིར་སྐྱོད་སྐབས་“ཀྲུང་གོས་བཟོས་རིགས་”མྱོང་རོལ་ཐུབ་རྒྱུའི་རེ་བ་བྱེད་པ་མ་ཟད། རང་རྒྱལ་ནས་བཟོས་པའི་གནམ་གྲུ་ཆེ་གྲས་ཇི་ཙམ་འཕུར་ན་དེ་ཙམ་གྱིས་ཡག་ཏུ་འགྲོ་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ལུགས་གླེང་།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་12ཚེས་19ཉིན་བར་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་མཁའ་འགྲུལ་ཀུང་སི་ཆེ་གྲས་གསུམ་ལ་C919རྟགས་ཅན་གྱི་གནམ་གྲུ་14རྩིས་སྤྲད་པ་རེད།